今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཞི་ཅིན་ཕེང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། ཡིད་ཆེས་བརྟན་ པོས་གསར་གཏོད་བྱ་བཞག་དོན་གཉེར་བགྱི།མཐུན་སྒྲིལ་དམ་པོས་ཕྱུག་འགྱུར་ཀན་སུའུ་ གསར་བ་བསྐྲུན་ཞེས་ནན་བཤད་གནང་།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕེང་གིས་ཉེ་ཆར་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་བྱས་ཏེ།བརྟན་པོའི་ངང་ཡར་རྒྱས་འགྲོ་བའི་བྱ་བའི་གཞི་རྩ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་།ཡིད་ཆེས་བརྟན་པོའི་ངང་ནས་གསར་གཏོད་བརྩོན་ལེན་དང་དོན་དངོས་དམ་འཛིན།མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་བྱེད་དགོས་པར་མ་ཟད།ཁྱོན་ཡོངས་ནས་འཕར་སྣོན་བརྟན་པོ་ཡོང་བ་དང་བསྒྱུར་བཅོས་ལ་སྐུལ་འདེད།གྲུབ་ཆ་ལེགས་སྒྲིགདམངས་ཀྱི་འཚོ་བར་ ཕན་འདོགས་པ།ཉེན་ཁ་སྔོན་འགོགབརྟན་ལྷིང་འགན་ལེན་བཅས་ཀྱི་བྱ་བཞག་ཡག་པོ་བསྒྲུབས་ཏེ་དབུལ་ཐར་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བ་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།དམངས་ཀྱི་འཚོ་བར་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་བ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་ལ།རྒྱུན་ཆད་མེད་པར་མི་དམངས་ཕྱུག་ཅིང་ཀན་སུའུ་དར་རྒྱས་ཀྱི་རྣམ་པ་ གསར་བའི་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ལེའུ་གསར་བ་རྩོམ་དགོས་ཞེས་ནན་བཤད་གནང་།
    སྟོན་འགོའི་རྨ་ནུབ་བར་ཁྱམས་སུ་གསེར་མདོག་གི་རླུང་བུས་བསིལ་སྣང་སྦྱིན་ཞིང་ཤིང་ཏོག་གིས་དྲི་ཞིམ་སྩོལ་བ་དང་།མདོ་ལ་རིང་མོའི་གངས་རི་དང་བྱེ་ཐང་སྤང་ལྗོངས་ཀྱི་འབྲེལ་མཚམས་སུ་བཀྲག་མདངས་ལྷག་གེར་འཕྲོ།ཟླ8ཚེས19ཉིན་ནས་ཚེས22ཉིན་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིན་ཏུའོ་དང་ཞིང་ཆེན་གྱི་མགོ་གཙོ་ཐང་རེན་ཅེན་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཅུའུ་ཆོན་དང་ཅ་ཡུས་ཀོན།ཀྲང་ཡེ།ཝུའུ་ཝེ།ལན་གྲུ་སོགས་སུ་ཕེབས་ནས་རིག་དངོས་སྲུང་སྐྱོབ་སྡེ་ཁག་དང་། གྲོང་གསེབ། སློབ་གྲྭ རྩྭ་ས། ནགས་ར། གསར་བརྗེའི་དྲན་གསོ་ཁང་། ཆུ་ལོག་འགོག་པའི་ལས་གྲྭརིག་གནས་ཁེ་ལས་སོགས་སུ་ཕེབས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་དགོས་པའི་བརྗོད་དོན་གཙོ་ བོའི་སློབ་གསོའི་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
    ཚེས19ཉིན་གྱི་སྔ་དྲོ་ཞི་ཅིན་ཕེང་གནམ་གྲུར་བསྡད་དེ་པེ་ཅིང་ནས་ཅུའུ་ཆོན་གྲོང་ཁྱེར་ཀྱི་ཁོངས་གཏོགས་ཏུན་ཧོང་གྲོང་ཁྱེར་དུ་སླེབས་པ་དང་མོ་ཀའོ་བྲག་ཕུག་ཏུ་ཕེབས་ཏེ་མོ་ཀའོ་བྲག་ཕུག་གི་ལོ་རྒྱུས་འཕེལ་རིམ་དང་རིག་དངོས་སྲུང་སྐྱོང་ཞིབ་འཇུག་གི་གནས་ཚུལ་རྟོག་ཞིབ་གནང་བ་དང་འབྲེལ་བྲག་ཕུག་ནང་གི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་འཇིམ་བརྙན་དང་ལྡེབས་རིས་ལ་གཟིགས་ཞིབ་གནང་བ་རེད།ཁོང་གིས་མེས་པོས་ང་ཚོར་བཞག་པའི་རྩ་ཆེའི་རིག་གནས་ཤུལ་བཞག་དེར་གཅེས་སྤྲས་གང་ལེགས་བྱེད་པ་དང་། སྲུང་སྐྱོང་བླ་ལྷག་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས།བྲག་ཕུག་གི་འཛུགས་སྐྲུན་དང་ཚོན་རིས།ལྡེབས་རིས་བཅས་ལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་ལ།སྔོན་ཐོན་གྱི་ཚན་རིག་ལག་རྩལ་སྤྱད་དེ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཤུལ་བཞག་རིག་གནས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་པར་ནན་བཤད་གནང་།
    ལྟ་སྐོར་བྱེད་བཞིན་པའི་ཡུལ་སྐོར་བས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས་ཏེ་སྐད་གསེང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་།ཀྲུའུ་ཞི་ཞི་ཅིན་ཕེང་སྐུ་ཁམས་བཟང་ཞེས་བོས་པ་ན།ཞི་ཅིན་ཕེང་གིས་ཚང་མར་བྱམས་བརྩེའི་ངང་ཕྱག་བརྡ་གནང་བ་མ་ཟད།དུས་མཚུངས་སུ་མདུན་ལ་སོང་ནས་ཚང་མར་ཕྱག་འཇུ་གནང་ཏེ་འཚམས་འདྲི་བྱས་པ་དང་འབྲེལ་ཚང་མར་གཟིགས་སྐོར་གནང་སྐབས་རིག་དངོས་ལ་གཅེས་སྤྲས་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཞི་ཅིན་ཕེང་གིས་དེར་མུ་མཐུད་ནས་ཏུན་ཧོང་ཞིབ་འཇུག་ཁང་དུ་ཕེབས་ཏེ་རྩ་ཆེའི་རིག་དངོས་དང་རིག་གཞུང་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་པ་དང་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག  ཕུལ་བྱུང་གི་ལོ་རྒྱུས་རིག་གནས་དར་སྤེལ་བཅས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་བཞིན་འབྲེལ་ཡོད་ཆེད་མཁས་དང་མཁས་དབང་།རིག་གནས་སྡེ་ཁག་བཅས་ཀྱི་འཐུས་མི་དང་ལྷན་ཏུ་བཞུགས་མོལ་ཡང་གནང་བ་རེད།ཏུན་ཧོང་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ཧྥན་ཅིན་ཧྲི་དང་།ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་སུའུ་ཞའོ་ལིན།ལན་གྲུ་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་ཀྲེན་པིན་ལིན་བཅས་ཀྱི་གཏམ་བཤད་ལ་གསན་རྗེས་ཞི་ཅིན་ཕེང་གིས་གསུང་བཤད་གལ་ཆེན་གནང་བ་རེད།ཁོང་གིས་ཏུན་ཧོང་གི་རིག་གནས་སྲུང་སྐྱོང་དང་ཞིབ་འཇུག་ལས་དོན་ལ་ཁས་ལེན་གང་ལེགས་གནང་ནས་ཏུན་ཧོང་རིག་གནས་ནི་ཀྲུང་ཧྭའི་རིག་གནས་བཞིན་ཤེས་དཔལ་སྣ་ཚོགས་ཡུན་རིང་མཉམ་འདྲེས་བྱས་པའི་འབྲས་བུ་ཞིག་ཡིན་པས།ང་ཚོས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་བ་འཕྲོ་བར་བྱ་དགོས་ན་སྔར་བས་བློ་རྒྱ་ཆེན་པོ་བསྐྱེད་དེ་རྒྱལ་ཁབ་ཁག་དང་རིག་གནས་སྤེལ་རེས་རྒྱ་ཁྱབ་ཏུ་གཏོང་དགོས་པ་དང་།སྔར་བས་ཧུར་བརྩོན་དང་རང་འགུལ་གྱི་སྒོ་ནས་འཛམ་གླིང་གི་ཕུལ་ཤེས་རིག་གི་གྲུབ་འབྲས་མཐའ་དག་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས་པ་མ་ཟད།ཏུན་ཧོང་རིག་གནས་ལ་ཞིབ་འཇུག་དང་དར་སྤེལ་གཏོང་དགོས་ན་ཏུན་ཧོང་རིག་གནས་དང་ལོ་རྒྱུས་ཀྱིས་ཤུལ་དུ་བཞག་པའི་མཚན་ཉིད་རིག་པའི་བསམ་བློ་དང་།མི་ཆོས་སྙིང་སྟོབས།རིན་ཐང་གི་འདུ་ཤེས།ཀུན་སྤྱོད་ཀྱི་ཚད་གཞི་སོགས་སྔོག་འདོན་གཏིང་ཟབ་བྱེད་དགོས་ལ།དེའི་ནང་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་དགོངས་པ་དང་རིག་གནས་ཀྱི་སྙིང་སྟོབས་གསལ་སྟོན་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོངབཞིན།རྒྱལ་ཁབ་ཀྱི་སྙིང་བཅུད་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཏུན་ཧོང་རིག་གནས་སྐུལ་འདེད་གཏོང་དགོས་ན་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་ཞིབ་འཇུག་དང་ཞབས་འདེགས་ཞུས་ཏེ།ལམ་རྒྱུད་གཅིག་པའི་རྒྱལ་ཁབ་དབར་གྱི་རིག་གནས་སྤེལ་རེས་ལ་ཤུགས་བསྣན་ནས་དམངས་སེམས་མཐུན་ཤུགས་ཆེ་རུ་གཏོང་དགོས་ལ།ཏུན་ཧོང་རིག་གནས་ཞིབ་འཇུག་ལ་ཤུགས་བསྣན་ནས་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་བཞིན།རང་རྒྱལ་གྱི་ཏུན་ཧོང་རིག་དངོས་སྲུང་སྐྱོབ་དང་ཏུན་ཧོང་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་གང་ལེགས་མངོན་པར་བྱེད་དགོས།དེས་མི་ཚད་ཚན་རྩལ་ཞིབ་འཇུག་ལས་དོན་སྒྲུབ་མཁན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་བཞིན་ཤེས་ལྡན་མི་སྣའི་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཚན་རྩལ་ཞིབ་འཇུག་ལས་དོན་སྒྲུབ་མཁན་གྱིས་ཞིབ་འཇུག་བྱེད་པ་དང་།སློབ་སྦྱོང་བྱེད་པ།ཕན་ཚུན་སྤེལ་རེས་བཅས་ བྱ་རྒྱུར་སྔར་ལས་ལྷག་པའི་གར་སྟེགས་བསྐྲུན་བཞིན་ཚན་རྩལ་ཞིབ་འཇུག་དཔུང་ཁག་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པར་བསྟན།
    ཚེས20ཉིན་གྱི་སྔ་དྲོ་ཞི་ཅིན་ཕེང་ཅ་ཡུས་ཀོན་དུ་ཕེབས་ནས་ཀོན་ཁྲེང་དུ་གཟིགས་ཞིབ་གནང་བ་དང་འབྲེལ་ལྕགས་རི་རིང་པོའི་སྲུང་སྐྱོང་གནས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་རེད།ཅ་ཡུས་ཀོན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་འཛམ་གླིང་རིག་གནས་ཤུལ་བཞག་ཡིན་ལ།རང་རྒྱལ་གྱི་མིང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཡི་ལྕགས་རི་རིང་བོའི་ནུབ་ངོས་ཀྱི་འགོ་འཛུགས་ས་ཞིག་ཀྱང་ཡིན།ཞི་ཅིན་ཕེང་གིས་ལྕགས་རི་རིང་བོས་ཀྲུང་ཧྭ་མི་རིགས་ཀྱི་སྟོབས་ལྡན་ཞུམ་མེད་ཀྱི་འབད་འཐབ་སྙིང་སྟོབས་དང་བློ་སེམས་གཅིག་སྒྲིལ།བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་བརྩེ་སེམས་གཅིག་ཏུ་བསྒྲིལ་ནས་ ཀྲུང་ཧྭ་མི་རིགས་ཀྱི་མཚོན་བྱེད་རང་བཞིན་གྱི་ཚབ་རྟགས་དང་ཀྲུང་ཧྭ་རིག་གནས་ཀྱི་བདེན་དཔང་གལ་ཆེན་ཞིག་ཏུ་གྱུར་ཡོད་པས།ལྕགས་རི་རིང་བོའི་རིག་གནས་ཀྱི་རིན་ཐང་སྔོག་འདོན་དང་རིག་དངོས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་གི་བྱ་བཞག་ཡག་པོ་བསྒྲུབ་ནས་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ།ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་བཤད་གནང་།
ཅ་ཡུས་ཀོན་འགག་སྒོ་དང་ཞལ་གྱེས་སྐབས་ཞི་ཅིན་ཕེང་ཀྲང་དབྱི་གྲོང་ཁྱེར་ཀའོ་ཐའེ་རྫོང་དུ་ཕེབས་ནས་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོའི་རྡོ་རིང་དང་འཐབ་ར་ནས་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོའི་སྤྱི་བའི་བང་སོ་ལ་གཟིགས་ཅིང་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་དུ་གཟིགས་སྐོར་གནང་སྟེ།གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་རེད།ལོ་ངོ80ལྷག་གི་སྔོན་ལ།ནུབ་ལམ་དམག་དཔུང་གིས་རྨ་ནུབ་ཏུ་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་ཛ་དྲག་བྱས་ཏེ་དགའ་སྐྱོ་ཟུང་ལྡན་གྱི་བྱས་རྗེས་བཞག་ཡོད།དྲན་གསོ་ཁང་དུ་ཞི་ཅིན་ཕེང་གིས་སྐབས་དེའི་དམག་འཐབ་ལོ་རྒྱུས་དང་མི་སེམས་འགུལ་བའི་བྱས་རྗེས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཀྲུང་གོ་གསར་པ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོ་བགྲང་ལས་འདས་པས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་གཏོད་པ་ཞིག་ཡིན་པས།དམར་པོའི་སྲིད་དབང་ནི་ལས་སླ་བོར་འབྱུང་མི་སྲིད་ལ་ཀྲུང་གོ་གསར་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱང་ལས་སླ་བོར་འབྱུང་མི་སྲིད་པས།ནུབ་ལམ་དམག་དཔུང་གི་དཀའ་ཉེན་ལ་མི་སྐྲག་པ་དང་དམར་འཛིང་གི་དཔའ་བོའི་རང་གཤིས་ཀྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་གཅེས་སྲོག་ཕུལ་བའི་དགོངས་པ་དེ་རྒྱང་བསྐྱོད་ཀྱི་སྙིང་སྟོབས་དང་འདྲ་བར་གཅིག་རྒྱུན་གཅིག་གིས་སྦྲེལ་ཡོད་པ་མ་ཟད།དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་གསར་བརྗེའི་གཞི་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་དང་རྒྱུ་ནོར་གྱི་རྩ་ཆེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ཆགས་འདུག དེ་ བས་ང་ཚོས་ཏང་གི་གཏམ་རྒྱུད་དང་དམར་དམག་གི་གཏམ་རྒྱུད།ནུབ་ལམ་དམག་དཔུང་གི་གཏམ་རྒྱུད་བཅས་གཏམ་རྒྱུད་ཡག་པོ་འཆད་ཀྱིན་གསར་བརྗེའི་གཞི་རྒྱུ་རྒྱུན་འཁྱོངས་གང་ལེགས་བྱ་དགོས་ཞེས་ནན་བཤད་གནང་།       
    ཚེས20ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕེང་ཀྲང་དབྱི་གྲོང་ཁྱེར་ཧྲན་ཏན་རྫོང་དུ་ཕེབས་ནས་ཧྲན་ཏན་ཕེ་ལིའི་སློབ་གྲྭར་རྟོག་ཞིབ་གནང་བ་རེད།ཧྲན་ཏན་ཕེ་ལི་སློབ་གྲྭ་ནི་རླབས་ཆེན་གྱི་རྒྱལ་སྤྱིའི་རིང་ལུགས་ཀྱི་འཐབ་འཛིང་བ་ནེའུ་ཙི་ལན་གྱི་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན་གྲགས་ཅན་ལུའུ་དབྱི•ཨེ་ལེ་ཡིས1942ལོར་བཙུགས་པ་དང་།ལས་རིགས་སློབ་གསོའི་ཁྱད་ཆོས་དང་ཚེ་གཅིག་སློབ་གསོའི་འདུ་ཤེས་འབུར་དུ་ཐོན་པའི་ངང་སྤྱོད་གོ་ཆོད་པའི་ལག་རྩལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས།ཞི་ཅིན་ཕེང་གིས་སློབ་གྲྭའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས་ལུའུ་དབྱི•ཨེ་ལེའི་བཞུགས་གནས་རྙིང་པར་གཟིགས་སྐོར་གནང་བ་དང་དེ་རྗེས་དངོས་སྦྱོང་སློབ་ཁྲིད་ཐོག་ཁང་གི་དེང་རབས་བཟོ་སྐྲུན་ལག་རྩལ་དངོས་སྦྱོང་ཁང་དང་རིག་ནུས་ཁྱིམ་ཆས་དངོས་སྦྱོང་ཁང་དུ་ཕེབས་ནས་ལས་རིགས་རྩལ་ནུས་ཀྱི་དངོས་སྦྱོང་ལ་གཟིགས་པ་དང་འབྲེལ་དགེ་སློབ་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད།ཁོང་གིས་དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པས་དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་བར་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་དགོས་པ་དང་།ལས་རིགས་སློབ་གསོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་ཤིང་ཆེ་ལ་རེ་བས་ཕྱུག་འདུག་ཞེས་བསྟན།ཧྲན་ཏན་ཕེ་ལི་སློབ་གྲྭ་ནི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་རྒྱལ་སྤྱི་རིང་ལུགས་ཀྱི་སྙིང་སྟོབས་ལྡན་པའི་ལས་རིགས་སློབ་གྲྭ་ཞིག་ཡིན་པ་དང་།སྐུ་ཞབས་ལུའུ་དབྱི•ཨེ་ལེ་ཡིས་གསར་གཏོད་དབྱེ་ཞིབ་ཀྱི་སློབ་གཉེར་དམིགས་ཡུལ་བཏོན་པ་དེས་ད་ཆ་ང་ཚོས་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུར་སྔར་བཞིན་དཔྱད་གཞིར་འཛིན་པའི་དོན་སྙིང་ལྡན་ཡོད།སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་སློབ་གཉེར་འདུ་ཤེས་གསར་གཏོད་བྱས་ནས།དུས་རབས་གསར་བའི་ནང་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་གཏོང་ཆེད་ཉེར་སྤྱོད་ཅན་དང་རྩལ་ནུས་ཅན་གྱི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།ཁོང་གིས་སློབ་གྲོགས་ཚོས་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་དང་སྤྱོད་གོ་ཆོད་པའི་རྩལ་ནུས་དེ་བས་མང་བ་ཁོང་དུ་ཆུད་པ་བྱས་ཏེ་རྒྱལ་ཁབ་ལ་སྤྱོད་སྒོ་ཡོད་པ་དང་རྒྱལ་ཁབ་ལ་མཁོ་བའི་ཤེས་ལྡན་མི་སྣར་འགྱུར་གང་ཐུབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
    ཕེ་ལི་སློབ་གྲྭ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕེང་གིས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་ཧྲན་ཏན་རྟ་ར་ཚད་ཡོད་འགན་འཁྲི་ཀུང་སིའི་རྟ་ར་དང་པོར་ཕེབས་ནས་ལོ་རྒྱུས་ཁང་ལ་གཟིགས་སྐོར་གནང་སྟེ་རྟ་རའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གནས་ཚུལ་རྒྱུས་ལོན་གནང་བ་རེད།ཟླ་བརྒྱད་པའི་ཧྲན་ཏན་རྟ་རར་རྩྭ་ཆུ་འཛོམས་ལ་རྟ་མཆོག་བང་གིས་རྒྱུགས།ཞི་ཅིན་ཕེང་རྩྭ་རར་ཕེབས་ནས་རྩྭ་ར་དང་རྟ་ཁྱུ་གསོ་བའི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་།མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་སྲུང་སྐྱོང་བྱེད་པའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་།ཞི་ཅིན་ཕེང་གིས་བསྟན་དོན།མདོ་ལ་རི་བོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ་དང་།ཀན་སུའུ་དང་རྨ་ནུབ་བར་ཁྱམས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་པས།རང་རྒྱལ་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་སྐྱེ་ཁམས་ཁོར་ཡུག་གི་འདེགས་སྐྱོར་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཚེ་སྔོ་ལྗང་གི་རི་ཆུའང་གསེར་རི་དངུལ་རིར་འགྱུར་ཐུབ་ལ།ཐོན་སྐྱེད་འཚོ་བ་དང་སྣོད་བཅུད་ཁོར་ཡུག་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་བཞིན།ཧུར་ཐག་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཐུབ་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།རྩ་ཆེའི་རྩྭ་རའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ནས་མདོ་ལ་རི་བོར་སྔོ་ལྗང་གི་རི་ཆུ་རྟག་ཏུ་གནས་ཐུབ་པ་བྱས་ཏེ་ནམ་ཡང་རྩྭ་ཐང་གི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས།
    ཚེས21ཉིན་གྱི་སྔ་དྲོ་ཞི་ཅིན་ཕེང་ཝུའུ་ཝེ་གྲོང་ཁྱེར་ཀུའུ་ལང་རྫོང་ཧོང་ཧྭ་ཐང་སྐྱེ་ཁམས་གནས་སྤོས་ཁུལ་གྱི་དམངས་ཕྱུག་སྡེ་གསར་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད།ས་གནས་དེ་གའི་ཀུའུ་ལང་ལྷོ་རྒྱུད་རི་ཁུལ་གྱི་ཡུལ་ཕྱོགས་གཅིག་གི་ས་ཆུས་ཡུལ་ཕྱོགས་གཅིག་གི་ཡུལ་མི་གསོ་མི་ཐུབ་པའི་དོན་དངོས་ལ་དམིགས་ནས།རི་མཐོ་ཞིང་ལུང་ཁོག་དོག་པའི་རི་ཁུལ་གྱི་མང་ཚོགས་དབུལ་བོ་ཡུལ་གཞན་དུ་གནས་སྤོ་བྱས་ནས་དབུལ་ཐར་ཕྱུག་འགྱུར་དང་མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་གཉིས་རྒྱལ་བའི་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་བ་ཞིག་གཏོད་པ་དང་།རི་ཁུལ་དུ་གནས་པའི་མང་ཚོགས་དབུལ་པོ་ཁྲི6ལྷག་ཙམ་ཁང་བ་གསར་བའི་ནང་སྤོས་པ་དང་། ནོར་ལུག་གསོ་སྤེལ་དང་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་བཏང་བ་བརྒྱུད་ནས་རིམ་བཞིན་དབུལ་བོའི་གནས་ལས་ཐར་བཞིན་ཡོད་པ་རེད།ཞི་ཅིན་ཕེང་གིས་ཡུལ་མི་སྤུན་ཟླ་ཚོའི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཧ་ཅང་དགའ་བོ་བྱས་པ་དང་།སྡེ་བའི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་དམངས་ཕན་ཚོམས་ཆེན་དུ་ཞི་ཅིན་ཕེང་གིས་ལས་དོན་མི་སྣར་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་དང་གནས་སྤོས་རྗེས་ཀྱི་བྱེད་ཐབས་སྐོར་བཀའ་འདྲི་གནང་བ་རེད།དེ་རྗེས་ཁོང་ཉེ་འགྲམ་གྱི་དམངས་ཕྱུག་སློབ་ཆུང་ནང་ཞབས་བརྟན་ཏུ་བསྐྱོད་དེ་དབྱར་གནང་གི་སྤྲོ་སྣང་འཛིན་གྲྭར་ཞུགས་མཁན་ཕྲུ་གུ་དག་ལས།ལ་ལས་རྣོ་སྦྲེང་དཀྲོལ་གཏོང་སྦྱོང་བཞིན་ཡོད་ཅིང་ལ་ལས་ལུས་རྩལ་སྦྱོང་བརྡར་བྱེད་བཞིན་ཡོད་པའི་ཁྲོད་དུ་ཞུགས།ཞི་ཅིན་ཕེང་རོལ་དབྱངས་སློབ་ཁང་དུ་ཕེབས་ནས་སློབ་སྦྱོང་བྱེད་བཞིན་པའི་རོལ་དབྱངས་སློབ་ཁྲིད་ལ་ནན་ཏན་ངང་གསན་གཟིགས་གནང་པ་རེད།ལུས་རྩལ་ཐང་དུ་རྐང་གྲུག་སྦྱོང་བརྡར་བྱེད་བཞིན་པའི་ཕྲུ་གུ་ཚོས་སྤོ་བོ་ཞི་ལགས་སླེབས་པ་མཐོང་སྐབས་རུབ་ནས་ཡོང་ཞིང་།ཞི་ཅིན་ཕེང་གིས་ཁོ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཁོ་ཚོའི་དབྱར་གནང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་བཀའ་འདྲི་གནང་བ་དང་འབྲེལ་ཁོ་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་སྤྱོད་ལམ་དང་ཤེས་རིགལུས་རྩལ། མཛེས་རྩལ།ངལ་རྩོལ་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་ཀྱང་གནང་བ་རེད།སློབ་གྲྭ་ནས་ཞལ་གྱེས་སྐབས་ཞི་ཅིན་ཕེང་གིས་རང་འགུལ་ངང་ཕྲུ་གུ་ཚོ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་ཕྲུ་གུ་ཚོ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་བཞིན་ལ་བདེ་སྐྱིད་ཀྱི་མེ་ཏོག་བཞད་པ་དང་མཚུངས་སོ།
དེ་རྗེས་ཞི་ཅིན་ཕེང་གིས་སྡེ་བའི་ལམ་རྒྱུད་དུ་ཞབས་བརྟན་ལ་ཕེབས་ཏེ་སྡེ་བའི་རྣམ་པར་གཟིགས་ཞིབ་གནང་བ་རེད།ཁང་བ་གསར་བ་དང་རྒྱ་ཆེ་བའི་ལམ་བུ།དྭངས་གཙང་གི་ར་སྐོར་སོགས་ཧ་ཅང་ལྷུན་ཆགས་གེར་ཡོད།སྡེ་མི་ལི་དབྱིན་ཁྲོན་ཚང་གིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་རང་ཁྱིམ་དུ་གདན་འདྲེན་ཞུས།ཞི་ཅིན་ཕེང་སྒོ་རའི་ནང་ཕེབས་ནས་ཁང་བའི་ཕྱི་རོལ་དུ་གཟིགས་ཞིབ་གནང་ཞིང་། སྡོད་ཁང་ལེགས་བཅོས་དང་གསང་སྤྱོད་བསྒྱུར་བཀོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད། ཞི་ཅིན་ཕེང་གིས་ལི་དབྱིན་ཁྲོན་གྱི་ནང་མི་དང་ཁྱིམ་ཐབ་ཀྱི་བྱ་བར་གླེང་མོལ་གནང་ནས་ཁྱིམ་ཚང་གི་ལས་ཞུགས་དང་ཡོང་འབབ། སྨན་བཅོས། སྤྱི་ཚོགས་འགན་བཅོལ།  སྨན་བཅོས་འགན་བཅོལ། ཕྲུ་གུ་སློབ་གྲྭར་བསྐྱོད་པ་སོགས་ཀྱི་ཐད་ད་དུང་དཀའ་གནད་གང་གང་ཡོད་པའི་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།ལི་དབྱིན་ཁྲོན་གྱིས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་རང་གི་ཚ་བོ་དང་ཚ་མོ་སྒོ་འགྲམ་དུ་སློབ་གྲྭར་བསྐྱོད་བཞིན་ཡོད་པ་མ་ཟད།ད་དུང་སྡེ་བའི་གཞུང་ལ་ཉི་འོད་དྲོད་ཁང་ཆེན་མོ1དང་གསོ་སྤེལ་དྲོད་ཁང4གསར་སྐྲུན་བྱ་རྒྱུའི་མིང་ཐོ་བཀོད་ནས་འཚོ་བ་ཉིན་རེ་ལས་ཇེ་བཟང་དུ་འགྲོ་བཞིན་ཡོད་རབས་སྙན་སེང་ཞུས།ཞི་ཅིན་ཕེང་གིས་ཏང་གི་ལས་དོན་མཐའ་དག་མི་སེར་གྱི་ཁེ་ཕན་ཆེད་དུ་བསམ་བློ་གཏོང་བ་དང་མི་སེར་གྱི་བདེ་སྐྱིད་ནི་ཏང་གི་བྱ་གཞག་ཡིན་པར་བསྟན།དབུལ་ཕོངས་ཡུལ་མི་དབུལ་ཐར་འབྱུང་རྒྱུ་ནི་གོམ་པ་དང་པོ་ཡིན་པས།དེའི་འཕྲོར་ཡུལ་མི་རྣམས་གཏན་འཇགས་ངང་དབུལ་ཐར་འབྱུང་བར་ཁག་ཐེག་བྱ་དགོས་པ་མ་ཟད།དབུལ་སྐྱོར་སྲིད་ཇུས་དང་དབུལ་སྐྱོར་དཔུང་ཁག་དེ་དུས་ཡུན་ངེས་ཅན་ཞིག་ཏུ་སོར་འཇོག་བྱས་ཏེ།ཐོན་ལས་འཕེལ་རྒྱས་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་སོགས་ཀྱི་ཐད་ནས་ཐབས་ཤེས་འཚོལ་བ་དང་ཐབས་ལམ་བཙལ་ཏེ་ཡུལ་གཞན་དུ་གནས་སྤོ་བའི་མང་ཚོགས་རྣམས་གནས་སྡོད་ཐུབ་པ་དང་ལས་ཞུགས་ཐུབ་པ།ཡོང་འབབ་ཡོད་པ་བཅས་བྱས་ནས་འཚོ་བ་ཉིན་རེ་བཞིན་ཇེ་བཟང་ལ་གཏོང་དགོས་པར་ནན་བཤད་གནང་།
    དེ་རྗེས་ཞི་ཅིན་ཕེང་རླངས་འཁོར་ནང་བཞུགས་ནས་པཱ་པུའུ་ཧྲ་ནགས་རར་ཕེབས།ནགས་ར་ནི་རྨ་ནུབ་བར་ཁྱམས་ཀྱི་ཤར་ཕྱོགས་སུ་གནས་པ་དང་།ཐེན་ཀེ་ལི་བྱེ་ཐང་གི་ལྷོ་རྒྱུད་དུ་གནས་ཡོད། དུས་རབས་གོང་མའི་ལོ་རབས80བའི་དུས་འགོར་འདི་གར་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བ་དང་བྱེ་རླུང་གིས་སྡེ་བའི་ཞིང་ཁར་སླད་སྐྱོན་བཏང་ཡོད།མི་རབས་ནས་མི་རབས་སུ་ནགས་རའི་མི་རྣམས་བྱེ་ཐང་དུ་གཞིས་ཆགས་པ་དང་བྱེ་བཅོས་ནགས་བཟོ་བྱས་པར་བརྟེན་བྱེ་མས་མི་སེར་ཕྱི་ལ་འདེད་པ་དེ་མིས་བྱེ་མ་འགོག་པའི་ཚད་ལ་སླེབས་ཏེ།སྔོན་ཆད་ཀྱི་བྱེ་མའི་མྱ་ངམ་ཐང་དེ་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ཡོད།ཞི་ཅིན་ཕེང་གིས་ནགས་ར་སྤྱི་ཡོངས་ཀྱི་རྣམ་པར་རྒྱང་གཟིགས་གནང་བ་དང་།ཝུའུ་ཝེ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་སྤྱི་ཡོངས་ཀྱི་གནས་ཚུལ་དང་པཱ་པུའུ་ཧྲ་ནགས་རའི་བགྲེས་པོ་དྲུག་གི་མི་རབས་གསུམ་གྱི་བྱེ་བཅོས་ནགས་བཟོའི་མི་སེམས་འགུལ་བའི་བྱས་རྗེས་སྐོར་གྱི་སྙན་ཞུ་ལ་གསན་པ་རེད།ནགས་རའི་ལས་བཟོ་བ་འགའ་ཞིག་གིས་རྩྭ་དྲས་བྱེ་མ་གནོན་པའི་ལས་ཀ་བྱེད་བཞིན་ཡོད་པ་ལ།ཞི་ཅིན་ཕེང་ཁོ་ཚོའི་གམ་དུ་བཅར་ནས་ཁོ་ཚོར་ལས་སྒྲུབ་བྱེད་ཐབས་བཀའ་འདྲི་གནང་བ་དང་འབྲེལ་འདྲུད་གཤོལ་ཞིག་ཁྱེར་ནས་ཁོ་ཚོ་དང་མཉམ་དུ་ལས་ཀ་གནང་བ་རེད།ཞི་ཅིན་ཕེང་གིས་ཁོ་ཚོར་པཱ་པུའུ་ཧྲ་ནགས་རའི་བགྲེས་པོ་དྲུག་གི་དཔའ་བོའི་མཛད་རྗེས་སྔ་ས་ནས་ཚང་མས་ཤེས་ཀྱི་ཡོད་པས།དུས་རབས་གསར་བར་དེང་རབས་ཀྱི་ཡུས་ཀུང་དང་དུས་རབས་ཀྱི་མིག་དཔེ་དེ་བས་མང་བ་དགོས་ཞེས་གསུངས་པ་རེད།བགྲེས་པོ་དྲུག་གི་དཀའ་ངལ་གྱི་མདུན་དུ་གཉའ་མི་ཞུམ་པ་དང་བྱེ་ཐང་སྤང་ལྗོངས་སུ་བསྒྱུར་བའི་འབད་འཐབ་སྙིང་སྟོབས་དར་སྤེལ་བཏང་སྟེ། མི་རྣམས་ལ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་བཏང་ནས།རྒྱུན་མཐུད་དུ་ཤུགས་རྒྱག་པ་དང་སྙིང་རུས་གཏན་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་བྱ་དགོས་ཞེས་ནན་བཤད་གནང་བར་མ་ཟད།བྱ་གཞག་གང་ཞིག་ཡིན་རུང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་དང་བྲལ་ཐབས་མེད་པས།གུང་ཁྲན་ཏང་ཡོན་སྔོན་ལ་ཡར་ལངས་ནས་གདོང་མཆོངས་བྱེད་ཕོད་ཚེ།མང་ཚོགས་ལ་སྐུལ་ཁྲིད་དང་གོང་བུ་གཅིག་གྱུར།རྩ་འཛུགས་བཅས་བྱེད་ཐུབ་པ་མ་ཟད།གནམ་སའི་ཁ་ཕྱེ་བ་ནང་བཞིན་བྱ་གཞག་ཆེན་པོ་ཞིག་བསྒྲུབ་ཐུབ་ཞེས་ནན་བཤད་གནང་།
    ཚེས21ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕེང་ལན་གྲུ་རུ་ཕེབས་ནས་རྨ་ཆུ་བཅོས་སྐྱོང་ལན་ཐའེ་ཆུ་འཐེན་ས་ཚིགས་ཀྱི་ལས་གཞི་རུ་ཕེབས་ནས་ཀན་སུའུ་ཞིང་ཆེན་དང་ལན་གྲུ་གྲོང་ཁྱེར་གྱིས་རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོང་བྱས་ཚུལ་གྱི་ངོ་སྤྲོད་ལ་གསན་པ་རེད།ཞི་ཅིན་ཕེང་ལྗོངས་གཟིགས་སྟེགས་བུའི་ཐོག་འཛེགས་ནས་ཆུ་རགས་བརྟན་དུ་གཏོང་བའི་འབྲུབ་འགོག་ལས་གྲྭར་གཟིགས་པ་དང་།ཞབས་བརྟན་ངང་བགྲོད་ལམ་བརྒྱུད་ནས་རྨ་ཆུའི་ངོགས་གཉིས་ཀྱི་སྣོད་བཅུད་སླར་གསོ་དང་མཛེས་ལྗོངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།ཞི་ཅིན་ཕེང་གིས་རྨ་ཆུ་དང་འབྲི་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ།མ་ཡུམ་ཆུ་བོར་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་དང་དུས་གཏན་དུ་འཕེལ་རྒྱས་ཡོང་བར་འབྲེལ་བའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད་ཅེས་བསྟན།དེ་མིན་ཀན་སུའུ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ཁུངས་དང་མཁོ་སྤྲོད་ཁུལ་གལ་ཆེན་ཞིག་ཡིན་པས།ཐོག་མར་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་ས་ཆུ་སྲུང་འཛིན།སྦགས་བཙོག་འགོག་བཅོས་བཅས་ཀྱི་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་དགོས་པ་དང་།ལན་གྲུ་ཡིས་རྨ་ཆུའི་ཆུ་གཟུགས་བདེ་ཐང་ཡོང་བའི་ཐད་སྔོན་ལ་ཤུགས་འདོན་དང་སྣེ་ཁྲིད་ཡག་པོ་བྱེད་དགོས་ཞེས་ཀྱང་བསྟན།དེར་སྤྲོ་གསེང་གཏོང་བཞིན་པའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་གཅིག་རྗེས་གཉིས་མཐུད་ངང་མདུན་དུ་རུབ་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཁོ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད།ཞི་ཅིན་ཕེང་གིས་གྲོང་ཁྱེར་ནི་མི་དམངས་ཀྱི་ཡིན་པས།གྲོང་ཁྱེར་འཛུགས་སྐྲུན་བྱེད་སྐབས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བཏང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བྱེད་དགོས་ལ།གསེར་ཕོར་དང་དངུལ་ཕོར་ནི་མང་ཚོགས་ཀྱི་གླེང་བརྗོད་ལས་དམན་པས།མང་ཚོགས་ཀྱིས་བཟང་ཞེས་བརྗོད་ཚེ་ད་གཟོད་ངོ་མ་བཟང་བ་ཡིན་ཞེས་ནན་བཤད་གནང་།
དེ་རྗེས་ཞི་ཅིན་ཕེང་ཀློག་པ་པོ་དཔེ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས།དེ་ཡང་ཀློག་པ་པོ་རྩོམ་སྒྲིག་ཁང་དུ།ཞི་ཅིན་ཕེང་གིས་རྩོམ་སྒྲིག་མི་སྣ་དང་བཀའ་མོལ་གནང་ནས་རྩོམ་ཡིག་འདེམས་སྒྲིག་བྱེད་པ།ཞུ་དག་བྱེད་པ།པར་གཞི་སྒྲིག་པ་སོགས་ཀྱི་ལས་ཀའི་བརྒྱུད་རིམ་དང་འགྲེམ་སྤེལ་གནས་ཚུལ་ལ་བཀའ་འདྲི་གནང་བ་རེད།གསར་གཏོད་ལྟེ་གནས་སུ་ཞི་ཅིན་ཕེང་གིས་ཀུང་སི་དེ་ཁྲོམ་རའི་དུས་བབས་དང་འཚམ་མིན།རང་འགུལ་གྱིས་ཇེ་ལེགས་སུ་གཏོང་སྟངས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།ཞི་ཅིན་ཕེང་གིས་དཔེ་དེབ་མང་ཙམ་ཀློག་རྒྱུ་དར་སྤེལ་གཏོང་བ་དང་དཔེ་དེབ་ཀྱི་བཀྲམས་ཚད་མཐོ་བའི་སྤྱི་ཚོགས་བསྐྲུན་ནས་མི་དམངས་ཀྱི་བསམ་པའི་འཁྱེར་སོ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཚེ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཇིག་རྟེན་དེ་བས་ཇེ་ཟབ་ཏུ་འགྲོ་ཐུབ་པ་མ་ཟད།མི་དམངས་ལ་བསམ་པའི་རིག་གནས་ཀྱི་ཐོན་རྫས་ཕུལ་དུ་བྱུང་བ་སྔར་ལས་མང་བ་འདོན་སྤྲོད་བྱ་རྒྱུ་ནི་དེ་ལས་ལྷག་པ་ཞིག་ཡིན་པས།ཡང་དག་པའི་ལམ་ཕྱོགས་དམ་འཛིན་ནན་པོ་བྱས་ཏེ་ལས་རིགས་གཙོ་བོ་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་གཉེར་སྐྱོང་སྣ་མང་ཅན་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་ཐོན་རྒྱུར་འབད་བརྩོན་བྱ་དགོས་ཞེས་བསྟན།
    ཚེས22ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕེང་གིས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་པ་དང་།ཀན་སུའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཞིང་།ཁོང་གིས་ཀན་སུའུ་ཡི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ཐུགས་རེ་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དབུལ་ཐར་འགག་སྒྲོལ་གཏིང་ཟབ་ཏུ་གཏོང་བ་དང་། དམིགས་འབེན་དང་མི་འབྲལ་བ་དང་ལྟེ་གནས་མི་འཐོར་བ།ཚད་གཞི་མི་འགྱུར་བ་བཅས་མཐའ་འཁྱོངས་བྱེད་བཞིན།སེམས་ཁྲལ་མེད་པ་གཉིས་ཡོངས་ཁྱབ་ཏུ་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག འགན་ལེན་གསུམ་གྱི་འབུར་ཐོན་གནད་དོན་གཙོ་གྲས་ཐག་གཅོད་བྱེད་པ་དང་།དབུལ་ཐར་འགག་སྒྲོལ་གྱི་གཙོ་གནད་དེ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཅིག་སྡུད་བྱེད་ཀྱིན།ཁུལ་གཉིས་དང་རྫོང་གཅིག ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ཤིན་ཏུ་དབུལ་བའི་རྫོང18གཙོ་གནད་དུ་བཟུང་སྟེ།སྡེ་བ་རེ་རེ་དང་དུད་ཚང་རེ་རེ།མི་རེ་རེ་བཞིན་གནད་དོན་ཐག་གཅོད་བྱས་ནས།མཐའ་མཇུག་གི་དབུལ་བོའི་མཁར་རྫོང་གཏོར་བ་བཅས་བྱེད་དགོས།
ཞི་ཅིན་ཕེང་གིས་བསྟན་དོན།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཞན་ཆ་ལ་དམིགས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པར་བྱས་ཏེ་ནུས་པ་ཆ་ཚང་ཞིང་འདེགས་སྐྱོར་ནུས་ལྡན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས་ལ།སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ།བསྒྱུར་བཅོས་འགག་སྒྲོལ་བྱེད་ཤུགས་ ཆེ་རུ་གཏོང་བ།སྒོ་དབྱེའི་རྣམ་པ་གསར་བ་མགྱོགས་མྱུར་གཏོད་པ།ཟུར་བསྣན་རིན་ཐང་ཆེ་བའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཧུར་ཐག་གིས་གཏོང་བ།ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་སྤྱི་འདོམས་བྱེད་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།
    ཞི་ཅིན་ཕེང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་།གསར་སྤེལ་དང་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ནུབ་རྒྱུད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས་པར་མ་ཟད། རྨ་ཆུ་བཅོས་སྐྱོང་བྱེད་པའི་གཙོ་གནད་ནི་སྲུང་སྐྱོང་དང་དགོས་ས་ནི་བཅོས་སྐྱོང་ཡིན་པས།རི་ཆུ་ནགས་ཚལ་དང་ཞིང་ཁ།མཚོ་དང་རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་།འབྱུང་རྩ་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་ཡག་པོ་བྱེད་དགོས་ལ།བཅོས་སྐྱོང་ཆེན་པོར་མཉམ་དུ་སྐུལ་འདེད་བཏང་ནས་རྨ་ཆུ་བཞུར་རྒྱུད་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆུ་བོར་འགྱུར་བ་བྱ་དགོས་ཞེས་ནན་བཤད་གནང་།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན།དམངས་ཀྱི་འཚོ་བར་འགན་ལེན་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བ།གཞན་པའི་སྤྱི་བའི་ཞབས་ཞུའི་རྣམ་གྲངས་སྔོན་ལ་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་སློབ་གྲྭར་འགྲོ་དཀའ་བ་དང་ལམ་བུར་བགྲོད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་མ་ཟད།གནོད་འཚེ་ཕོག་པའི་མང་ཚོགས་དང་གྲོང་ཁྱེར།གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་བཞིན།མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་དགོས་པའི་བཀའ་གསུང་གནང་།
   ཞི་ཅིན་ཕེང་གིས་ཀན་སུའུ་ནི་གསར་བརྗེའི་ལྟེ་གནས་ཞིག་ཡིན་པས།ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་འཕེལ་རིམ་ནང་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།ཀན་སུའུ་ཡིས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་བྱས་ཏེ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ་དང་།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས་ལ།རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་གཉུག་སེམས་སྲུང་བ་དང་འགན་འཁྲི་འཁུར་བ།ཧེ་བག་འཚོལ་བ།དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་སྟངས་འཛིན་ཡང་དག་བྱེད་བཞིན།འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་ཡིད་རྟོན་བཞི་བརྟན་དུ་གཏོང་བ།སྲུང་སྐྱོང་གཉིས་དང་ལེན་ཐུབ་པ་བཅས་བྱེད་དགོས་པ་མ་ཟད།དམངས་གཙོའི་ཆེད་དོན་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་དགོས་ཤིང་།རང་ཉིད་ཀྱི་སྐྱོན་ཆར་དག་ཐེར་བྱས་ཏེ་ངན་སྐྱོན་འདོན་ཕོད་དགོས་ལ།སྐབས་ཐོག་ནས་ཞིབ་བཤེར་བྱས་ཏེ་འཕྲལ་མ་ཉིད་དུ་བཅོས་པ་དང་ཤེས་མ་ཐག་ཏུ་དག་བཅོས་པ་བཅས་བྱེད་བཞིན།འགོ་ཁྲིད་ཚན་པ་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བཞིན།གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་ཞེས་ནན་ བཤད་གནང་།
ཏིང་ཞའེ་ཞང་དང་ལིའུ་ཧོ།ཧི་ལེ་ཧྥེན་སོགས་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་རེད། ཞིན་ཧྭ་གསར་འགྱུར་ཁང་ནས།



©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群 有什么比较赚钱的游戏公司 在街头卖土豆丝赚钱吗 神武老区赚钱方法 271集团 赚钱 赚钱是任务 什么是结果 建行卡能往工行卡赚钱吗 女人要赚钱不要结婚想结婚 留学式的赚钱国家 雨花庭怎么赚钱 卖海鲜夜市赚钱吗 怀孕后可以做点什么赚钱 苏友麻将代理怎么赚钱 剑灵pve赚钱吗 开洒店很赚钱吗 给英语杂志投稿赚钱 外国赚钱的行业