今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཞི་ཅིན་ཕིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད།

                                                                     (2019ལོའི5ཟླ་ཚེས31ཉིན)
                                                                         ཞི་ཅིན་ཕིང་།
     ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་ཏེ་ཏང་ཡོངས་སུ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70དང་རང་རེའི་ཏང་གིས་རྒྱལ་ཡོངས་སུ་སྲིད་སྐྱོང་མཛད་ནས་ལོ་འཁོར70ལོན་པའི་ལོ་ཡང་ཡིན་པས།  བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དུས་སུ་འཁེལ་ཡོད།  ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར་འགྲེམས་སྤེལ་བྱས་ཡོད་ལ།  དེ་རིང་གི་གྲོས་ཚོགས་སུ་ཏང་ཡོངས་ཀྱིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་ཡིན།  ངས་གཤམ་དུ་ཕྱོགས་གསུམ་ནས་འཆད་རྒྱུ་ཡིན།
      གཅིག ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དོན་སྙིང་ལ་ངེས་ཤེས་ཟབ་མོ་བསྐྱེད་པ།
      ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བརྩོན་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིན་པས།  ཀྲུང་གོ་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་བར་སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཆེན་པོས་འབད་འཐབ་བྱ་རྒྱུར་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་ཀྱང་ཡིན།  ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་།  རླབས་ཆེན་གྱི་སྒྲིག་བཀོད།  རླབས་ཆེན་གྱི་བྱ་གཞག  རླབས་ཆེན་གྱི་ཕུགས་འདུན་བཅས་ལ་བཀོད་འདོམས་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་།  དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡནཔའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་བླངས་ཏེ།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
      དོན་ཚན་དང་པོ།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན།
      མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་བསམ་བློའི་སློབ་སྟོན་ཡིན།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་མར་ཁེ་སི་རིང་ལུགས་ནི་ང་ཚོའི་དར་ཆ་ཡིན་ཞིང་ང་ཚོའི་ཏང་ལ་དཀའ་ངལ་ཇི་འདྲ་ཆེན་པོར་འཕྲད་ཀྱང་།  མར་ཁེ་སི་རིང་ལུགས་ཀྱི་དད་མོས་བརྟན་པོར་གཡོ་འགུལ་རྩ་བ་ནས་བྱུང་མྱོང་མེད།  བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་།  ང་ཚོའི་ཏང་གིས་སྔ་རྗེས་སུ་ཏང་དག་ཐེར་དང་།   སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོ   ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བྱེད་སྒོ  མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སོགས་སྤེལ་བ་དང་།  “སློབ་པ་གཉིས་དང་བྱེད་པ་གཅིག”གི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་།  གཅིག་སྡུད་རང་བཞིན་གྱི་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་བྱས་པ་བརྒྱུད་ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དང་སློབ་གསོ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།  དུས་རབས་གསར་པར་རང་རེའི་ཏང་གིས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་གསར་བ་དང་བསྟུན་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོན་ཡོད།  དེ་བས་རིགས་པའི་གཞུང་ལུགས་གསར་བས་ལག་ལེན་ལ་སྣེ་ཁྲིད་ནས་མུ་མཐུད་དུ་འཕེལ་རྒྱས་གཏོང་དགོས། 
      མིག་སྔར།  ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་དུས་ཏང་ཀྲུང་དབྱང་གི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད་པ་དང་། ནང་དོན་གཏིང་ཇེ་ཟབ་དང་།  སེམས་ལ་འཆང་བ།  དོན་དངོས་ཀྱི་ནང་དུ་ཞུགས་པ་བཅས་ད་དུང་བྱེད་ཐུབ་མེད།  ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་ནི་བསམ་བློའི་ཐོག་ནས་ཏང་འཛུགས་སྐྱོང་དང་།  རིགས་པའི་གཞུང་ལུགས་ཐོག་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་།  སློབ་སྦྱོང་དང་།  བསམ་བློ།  བཀོལ་སྤྱོད་སོགས་གཅིག་གྱུར་བྱེད་པ་མཐའ་འཁྱོངས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་།  བསམ་གཞིགས་གཏིང་ཟབ་བྱེད་པ།  དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ།  “འདུ་ཤེས་བཞི”རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་དང་།  “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཁག་ཐེག་བཅས་བྱས་ཏེ་དད་པའི་རྨང་གཞི་གཏན་འཇགས་དང་སྙིང་སྟོབས་བརྟན་པོར་གཏོང་བ།  བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་བ་བཅས་བྱེད་དགོས། 
      དོན་ཚན་གཉིས་པ།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་དུས་རབས་གསར་བའི་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན། 
      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་དོ་དམ་ནན་མོ་རྒྱུན་འཁྱོངས་དང་།  གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས།  “སྤྱོད་ཚུལ་བཞི”དག་ཐེར་བྱ་རྒྱུ་གཙོ་བོར་འཛིན་པ།  ཏང་ནང་ཁུལ་དུ་གནས་པའི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཤུགས་ཆེན་བྱེད་པ་དང་།  རུལ་སུངས་ལ་གནམ་ལྕགས་ཐོག་མདའ་ལྟ་བུའི་སྟོབས་ཤུགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་སྔོན་ཆད་བཀག་འགོག་བྱེད་དཀའ་བར་འདོད་པའི་ཚུལ་མིན་སྤྱོད་ངན་དག་བཀག་འགོག་བྱ་ཐུབ་ཅིང་། ཡུན་རིང་མ་དག་རྒྱུན་འབྱམས་སུ་གྱུར་བའི་ནད་དུག་གི་ངན་རོ་དག་སེལ་བར་བྱས་ཏེ་ཏང་སྲོལ་ཀུན་སྤྱོད་དག་ཐེར་བྱས་ཏེ་ཡོད་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི“ཉམས་སད་ཆེན་པོ་བཞི་”ནི་དུས་ཡུན་རིང་ཞིང་རྙོག་འཛིང་ཆེ་བ་ཞིག་དང་།  མདུན་དུ་ལྷགས་པའི་རྣོ་ངར་ཆེ་ཞིང་ཛ་དྲག་ཆེ་བའི “ཉེན་ཁ་རིགས་བཞི་” དང་།  ཏང་ནང་ཁུལ་དུ་བསམ་བློ་མི་གཙང་བ་དང་།  ཆབ་སྲིད་མི་གཙང་བ།  རྩ་འཛུགས་མི་གཙང་བ།  སྤྱོད་ཚུལ་མི་གཙང་བ་སོགས་ཀྱི་གནད་དོན་མངོན་གསལ་ཅན་དག་ད་དུང་གཙང་སེལ་བྱས་མེད་པས།  “སྤྱོད་ཚུལ་བཞི”ཡི་གནད་དོན་རྩ་རྫོགས་བྱ་ཐུབ་མེད་པར།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པ་མཐོང་དགོས།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི།  དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་།  གནད་དོན་ལ་ཁ་ཕྱོགས་ཤིང་།  ལྕགས་དབྱུག་ཁབ་བརྡར་གྱི་སྙིང་སྟོབས་དང་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་ལ་བརྟེན་ནས་བཅོས་སྐྱོང་མཐའ་གཅིག་བྱེད་པ་དང་།  ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་།  ཏང་གི་དྭངས་གཙང་རངབཞིན་ཉམས་ཞན་དུ་གཏོང་བའི་གནད་དོན་མཐའ་དག་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས་ཏེ།  ང་ཚོའི་ཏང་འདི་སྔར་ལས་ལྷག་པའི་སྒོ་ནས་འཛུགས་སྐྱོང་བྱེད་དགོས།
      དོན་ཚན་གསུམ་པ།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན། 
      མི་དམངས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བའི་རྩ་བའི་སྟོབས་ཤུགས་དང་།  ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་ཡིན་པ་མ་ཟད།  ང་ཚོའི་ཏང་སྟོབས་ལྡན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བ་ཡིན།  ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བས།  མི་དམངས་ཀྱི་ཆེད་དུ་འཚོ་ཞིང་།  མི་དམངས་ཀྱི་ཆེད་དུ་འབད་དགོས།  ཐོག་མཐའ་བར་གསུམ་ལ་ངེས་པར་དུ་མི་དམངས་ལ་བློ་གཅིག་སེམས་གཅིག་དང་།  མི་དམངས་དང་སྐྱིད་སྡུག་མཉམ་མྱོང་།  མི་དམངས་དང་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བཅས་བྱ་དགོས།  གུང་ཁྲན་ཏང་ཡོན་ཚང་མས་ཤེས་དགོས་པ་ཞིག་ནི།  ཏང་ལ་མི་དམངས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་མེད་པ་དང་།  ཏང་གི་ལས་དོན་མཐའ་དག་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།  སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་ཆེད་དུ་ཡིན་པ་དང་།  མི་དམངས་ནི་ལོ་རྒྱུས་ཀྱི་དཔའ་བོ་ངོ་མ་ཡིན་པས་ངེས་པར་དུ་མི་དམངས་ལ་ཡིད་ཆེས་དང་མི་དམངས་ལ་བསྟེན་དགོས།  ང་ཚོ་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན་པས།  ངེས་པར་དུ་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས། 
       མིག་སྔར་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་དོན་དངོས་དང་མི་བསྟུན་པ་དང་བྱེད་ཐབས་སྣ་ཚོགས་བཀོལ་ནས་དམངས་ཚོགས་དང་རྒྱང་བཀྱེད་བཞིན་འདུག   ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བྱ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།  མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་སེམས་སུ་དམ་པོར་འཛིན་པ་དང་།  བྱ་སྤྱོད་དོན་འཁྱོལ་ཞིབ་ཕྲ་བྱེད་པ།  མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ།  མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་དང་ཡིད་རྟོན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ།  ཏང་གིས་ཡུན་རིང་སྲིད་སྐྱོང་བར་ཆེས་བློས་ཐུབ་ཀྱི་གྲོགས་པོ་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། 
       དོན་ཚན་བཞི་བ།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཡིན། 
       ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་བཏོན་པའི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་ནི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་གཅིག་སྡུད་མཚོན་ཚུལ་ཞིག་དང་དེང་གི་ཀྲུང་གོ་གུང་ཁྲན་ཏང་མིའི་གལ་འགངས་ཆེ་བའི་དངོས་ཡོད་ཀྱི་འགན་འཁྲི་ཞིག་རེད།  ལོ་རྗེས་མར། ང་ཚོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཧུར་ཐག་གིས་མངོན་འགྱུར་ཡོང་བ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་དེ་ཡིན།  དེ་ནི་ཀྲུང་གོའི་ལོ་རྒྱུས་དང་ཐ་ན་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་མི་སེམས་འགུལ་བའི་དུས་སྐབས་གལ་ཆེན་ཞིག་རེད།  དམིགས་འབེན་དང་ཐག་ཇི་ཙམ་ཉེ་ན།  ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་།  སེམས་ཤུགས་གཅིག་སྒྲིལ་བྱས་ཏེ།  སྡུག་འབྱུང་འདུ་ཤེས་རྒྱུན་འཁྱོངས་དང་འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་ཆེར་བཏང་སྟེ།  ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་བབ་བརླིང་ངང་ཁ་གཏད་འཇལ་དགོས།  ད་ལྟ།  ཕྱི་རོལ་གྱི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་།  ཉེན་ཁ་དང་འགྲན་སློང་དྲག་པོ་ཡིན་པ།  བརྟན་བརླིང་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་མངོན་གསལ་གྱིས་མང་དུ་ཕྱིན་ཡོད།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་བཅོས་འཕེལ་བརྟན་གསུམ་གྱི་ལས་འགན་ལེགས་འགྲུབ་བྱེད་པར་ཏང་ཡོངས་ཀྱིས་དེ་བས་དཀའ་སྤྱད་འབད་འབུངས་བྱེད་དགོས།  མིག་སྔར་ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་ལས་སྒྲུབ་གསར་གཏོད་ཀྱི་སྙིང་སྟོབས་ཉམས་པ་དང་འགན་འཁྲིའི་འདུ་ཤེས་ཇེ་ཞན་དུ་གྱུར་བ་རེད།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་།  མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བས་གཏན་ལ་ཕབ་པའི་འཆར་གཞི་དེ་གོམ་པ་རེ་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས།     ད་དུང་དམིགས་སུ་བཀར་ནས་ནན་བཤད་བྱ་དགོས་པ་ཞིག་ལ།ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་ལ།   དུས་མཚམས་གལ་ཆེན་འདིའི་ནང“ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དམིགས་བསལ་གྱི་དོན་སྙིང་ནི་ང་ཚོ་ལམ་ཐག་ཇི་ཙམ་རིང་ཡང་ཡོང་དུས་ཀྱི་ལམ་བུ་བརྗེད་མི་རུང་བ་དེ་རེད།  ཉིན་ཤས་ཀྱི་སྔོན་ང་རང་ཅང་ཤིས་ཡུས་ཏུའུ་རུ་བསྐྱོད་དེ་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་བྱ་ཡུལ་དུ་ལྟ་སྐོར་བྱེད་པའི་དམིགས་ཡུལ་ནི་སྐབས་དེ་དུས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་གིས་སུའུ་ཁུལ་དུ་ཁྲག་བཏོན་དམར་འཛིང་བྱས་པའི་སྤྱིར་བཏང་མིན་པའི་ལོ་ཟླ་དང་།  དམར་པོའི་སྲིད་དབང་ནི་གང་ནས་བྱུང་བ་དང་ཀྲུང་གོ་གསར་པ་ཇི་ལྟར་བཙུགས་པ་བློ་ལ་བརྟན་པོར་བཟུང་ཏེ་ལོ་རྒྱུས་བརྗེད་མི་རུང་བའི་ཆེད་ཡིན།  ད་ལྟ་ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བའི་རྒྱང་བསྐྱོད་གསར་བ་བྱེད་བཞིན་ཡོད་པས།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཏང་གི་ཕུགས་ཀྱི་དད་འདུན་དང་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་དགོས་པ་དང་།  ངེས་པར་དུ་རླབས་ཆེན་གྱི་རྒྱང་བསྐྱོད་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ།  ངེས་པར་དུ་འཐབ་འཛིང་བྱེད་ཕོད་པ་དང་དཀའ་ངལ་ལ་མི་སྐྲག་པའི་འབད་བརྩོན་སྙིང་སྟོབས་དར་སྤེལ་གཏོང་དགོས།
       གཉིས། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་འདུན་ལ་ངོས་ཟིན་ཡང་དག་བྱེད་པ།
        ཏང་ཀྲུང་དབྱང་གིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོར་བཏོན་པའི་སྤྱིའི་བླང་བྱ་དང་།དམིགས་འབེན་དང་ལས་འགན།  བྱེད་ཐབས་དང་གོ་རིམ་བཅས་ཀྱི་ཐད་ལ་གཏན་འབེབས་ཁ་གསལ་བྱས་ཡོད་པས།  ཏང་ཀྲུང་དབྱང་གི་དགོངས་དོན་ནང་བྱན་ཆུད་པ་དང་།  རང་ས་གནས་དང་རང་སྡེ་ཁག  དེ་བཞིན་རང་ལས་ཁུངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  དམིགས་འདུན་ལ་དམིགས་པ་དང་སྐུལ་འདེད་ཧུར་ཐག་བཏང་ནས།  སྔོན་དཔག་གི་ཕན་འབྲས་ཐོབ་པར་ཁག་ཐེག་ཏན་ཏིག་བྱེད་དགོས།    
        དོན་ཚན་དང་བོ།  ཕྱོགས་ཡོངས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱ་དགོས། 
      “ཐོག་མའི་སེམས་འདུན་སྲུང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། ཧེ་བག་འཚོལ་བ་དང་དོན་འཁྱོལ་དམ་འཛིན་བྱེད་པའི”སྤྱིའི་བླང་བྱ་ནི་དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་ལས་འགན་དང་།ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཤིང་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་དང་ཟུང་འབྲེལ་བཅས་བྱས་ནས་བཏོན་པ་ཞིག་རེད།   
བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཟུང་ནས་བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་དད་མོས་ལ་བརྟེན་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་བློ་ལ་བརྟན་པོར་ངེས་རྒྱུ་ནི་ང་ཚོའི་བསྙེག་བྱ་དང་།  མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་ལ་བརྟེན་ནས་ཐོག་མའི་སེམས་འདུན་དྲན་པ་དང་།  དུས་དང་རྣམ་པ་ཀུན་ཏུ་རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་།  མི་དམངས་ཀྱི་ཁྲོད་ནས་རྩ་བ་ཚུགས་པ།  མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ནི་ང་ཚོ་རྒྱལ་ཁའི་ངང་མདུན་དུ་བསྐྱོད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པ་མི་བརྗེད་པ་དང་།  གཞུང་ཞབས་པའི་འདུ་ཤེས་བརྟན་པོ་བཅངས་ནས་ཐོག་མའི་སེམས་འདུན་ལག་ལེན་དུ་བསྟར་བ་དང་།  མི་དམངས་ནི་གུང་ཁྲན་ཏང་མིའི་ཟས་གོས་ཀྱི་བདག་པོ་ཡིན་པ་དང་།  གུང་ཁྲན་ཏང་མི་ནི་མི་དམངས་ཀྱི་ཞབས་འདེགས་པ་ཡིན་པས།  དུས་ནམ་ཡང་མང་ཚོགས་དང་ཁ་བྲལ་བ་དང་།  མང་ཚོགས་ལ་མཐོང་ཆུང་།  མང་ཚོགས་སྣང་མེད་དུ་འཇོག་པ་བཅས་བྱེད་མི་རུང་། 
འགན་འཁྲི་ཕྲག་ཏུ་ལེན་པ། རང་རེའི་ཏང་གི་ཕྲག་ཏུ་འཁུར་བའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་བློ་ལ་བརྟན་པོར་བཅངས་ནས་འགན་ཕྲག་ཏུ་ལེན་ཕོད་པ་དང་།  རང་འགུལ་ངང་ཧུར་བརྩོན་གྱིས་བྱས་རྗེས་འཇོག་པ།  ཚན་རིག་དང་མཐུན་པའི་འདུ་ཤེས་དང་།  མིག་རྒྱང་རིང་བ།  དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་བྱ་གཞག་ཇུས་འགོད་བྱེད་པ་དང་།  འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་།  ཉེན་ཁ་དང་འགྲན་སློང་ལ་གདོང་གཏོད་ཕོད་པ། ལས་འགན་ལྗིད་པོ་འཁུར་ཕོད་པ་དང་འགག་སྒྲོལ་དཀའ་སེལ་ཐུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་སྒེར་སེམས་མེད་པའི་བློ་སྟོབས་ལ་བརྟེན་ནས་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་གི་ཡོད་ཚད་ལས་རྣམ་པར་རྒྱལ་བ་བྱེད་དགོས་ཤིང་།  ལག་ལེན་གྱི་སྦྱོང་བརྡར་ཁྲོད་ཉམས་མྱོང་དང་བློ་གྲོས་འཕེལ་བ་དང་།  དཀའ་སྡུག་མྱངས་ཤིང་མཐོང་རྒྱ་ཆེ་རུ་གཏོང་བ།  འཇོན་ཐང་ཆེ་རུ་འགྲོ་བ་བཅས་བྱེད་དགོས།  བར་ཁྱད་འཚོལ་བ་ཞེས་པ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིབ་བསྡུར།  ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ།  མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་ཞིབ་བསྡུར།  སྔོན་ཐོན་དཔེ་མཚོན་དང་ཉེ་འགྲམ་གྱི་མིག་དཔེ་དང་ཞིབ་བསྡུར་བཅས་བྱས་ཏེ།  ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་རྒྱུན་འཁྱོངས་བྱེད་དགོས།  “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།  “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཁག་ཐེག་ཐུབ་པ་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་པ་དང་།  བསྙེན་བཀུར་ཤེས་པ་དང་།  དོགས་ཟོན་ཡོད་པ།  མ་མཐའི་མཚམས་ཐིག་སྲུང་བ་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་པ་འཚོལ་དགོས།  མང་ཚོགས་ཀྱི་ལྟ་བ་དང་།  མང་ཚོགས་ཀྱི་ལངས་ཕྱོགས།  མང་ཚོགས་ཀྱི་བརྩེ་བ།  མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་པ་དང་།  བསམ་བློའི་གོ་རྟོགས་དང་།  འཇོན་ཐང་དང་བྱང་ཚད།  བསམ་བློ་ཀུན་སྤྱོད་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་པ་བཙལ་ཏེ་འབེན་ཡོད་སར་མདའ་འཕེན་པ་ལྟར་དག་ཐེར་ཡོ་བསྲང་བྱ་དགོས།  དོན་འཁྱོལ་དམ་འཛིན་བྱེད་པ་ཞེས་པ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་དང་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་།  ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཏང་ཡོན་ལས་བྱེད་པས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་གཏོད་སྲོལ་འབྱེད་ཀྱི་བློ་སྟོབས་དར་སྤེལ་དང་།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འདོར་གང་ཐུབ་བྱེད་པ།  ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བཅས་ལ་སྐུལ་འདེད་གཏོང་བ།  མི་དམངས་མང་ཚོགས་ཀྱིས་བསམ་འཆར་འདོན་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ།  མི་དམངས་མང་ཚོགས་ཀྱི་འདོད་མོས་དང་།  བདེ་སྐྱིད་དང་བདེ་འཇགས་འཚོ་བའི་སེམས་ཚོར་ཆེ་རུ་གཏོང་དགོས། 
“ཐོག་མའི་སེམས་འདུན་མི་བརྗེད་པ་དང་། འགན་འཁྲི་འཁུར་བ་དང་།  ཧེ་བག་འཚོལ་བ།  དོན་འཁྱོལ་དམ་འཛིན་བྱེད་པ”ནི་ཕན་ཚུན་འབྲེལ་ཡོད་པས་ཕྱོགས་ཡོངས་ནས་ནང་བྱན་ཆུད་པར་བྱས་ཏེ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། 
       དོན་ཚན་གཉིས་པ། དམིགས་དབེན་དང་ལས་འགན་ཡིད་ལ་བརྟན་པོར་འཛིན་དགོས།
       ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ལྷག་བསམ་རྣམ་དག་དང་།  སྤྱོད་གཙང་།  འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱེད་པ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པ་བཅས་རེད།  ཞིབ་ཕྲའི་དམིགས་ཚད་ནི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཡོང་བ་དང་།  བསམ་བློ་དང་ཆབ་སྲིད་ལ་ཉམས་སད་ཐེབས་པ།  ལས་སྒྲུབ་ལས་གཏོད་ཀྱི་འགན་འཁུར་ཕོད་པ།  དཀའ་གནད་སེལ་བ།  སྤྱོད་གཙང་གཞུང་དྲང་བཅས་ཀྱི་མིག་དཔེ་སྟོན་དགོས།  དམིགས་འབེན་དང་ལས་འགན་འདིས་ཏང་གིས་དུས་རབས་གསར་བའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་།  ཆབ་སྲིད།  སྤྱོད་ཚུལ།  ནུས་པ།  སྲིད་དོན་གཙང་སྐྱོང་བཅས་ཐད་ཀྱི་གཞི་རྩའི་བླང་བྱ་མཚོན་ཡོད།  རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་གྲུབ་འབྲས་ཐོབ་པ་དང་།  གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔར་ཡོད་སློབ་སྦྱོང་གི་རྨང་གཞིའི་ཐོག་ཡར་རྒྱས་ཡོང་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།  དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ལ་གོ་བ་གཏིང་ཟབ་ལེན་པ་དང་།  སློབ་སྦྱོང་གཏིང་ཟབ་བྱས་དང་མཐའ་གསལ་མཐིལ་རྟོགས་བྱེད་པ།  ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་རྩ་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ།  ཏང་གི་གསར་གཏོད་དང་ལག་ལེན་ལ་བརྟེན་པ།  ལས་ཀར་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་དགོས།
བསམ་བློ་དང་ཆབ་སྲིད་ལ་ཉམས་སད་ཐུབ་པ།  གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མར་ཁེ་སི་རིང་ལུགས་ལ་དད་མོས་བྱེད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བྱེད་པ།  གསར་བརྗེའི་ཕྲ་ཕུང་རྒྱུད་འཛིན་བྱེད་པ།  “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།  “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཁག་ཐེག་ཐུབ་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་།  ཆབ་སྲིད།  བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་།  མི་དམངས།  མར་ཁེ་སི་རིང་ལུགས་བཅས་ལ་བློ་དཀར་སེམས་དཀར་བྱེད་དགོས།  ལས་སྒྲུབ་ལས་གཏོད་ཀྱི་འགན་འཁུར་ཕོད་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འོས་འགན་འཁུར་དུ་བརྩིས་ནས་དུས་ཚོད་སྐར་ཆ་ཙམ་ཡིན་ཡང་བརྩོན་ལེན་དང་དཀའ་ཚེགས་ཅི་ཙམ་ཆེ་ཡང་དེ་ཙམ་གྱིས་མདུན་ཕྱོགས་སུ་བསྐྱོད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། སྙིང་སྟོབས་བསྐྱེད་ནས་ལས་དོན་དོན་འཁྱོལ་བྱེད་པ།  བློ་རྩ་བརྟན་པོས་རང་སྲུང་དང་།  ཉི་མ་འཁྱོལ་ཐབས་བྱེད་པ།  ཁྲལ་སེལ་འགན་གཡོལ།  སྲིད་དོན་ལེ་ལོ་ཅན་སོགས་ཀྱི་སྒྱིད་ལུག་གི་བྱ་སྤྱོད་མཐའ་དག་མཐའ་གཅིག་ཏུ་དོར་ནས་ལག་ལེན་དང་།  མི་དམངས།  ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ལེན་དགོས།  དམངས་ཀྱི་དོན་དུ་དཀའ་གནད་སེལ་བ་ཞེས་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ།  མི་དམངས་མང་ཚོགས་དང་བརྩེ་བ་ཇེ་ཟབ་ཏུ་གཏོང་བ།  རང་རྟོགས་ངང་མི་དམངས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ།  མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་ཐག་གཅོད་གང་ཐུབ་བྱེད་པ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་དམངས་ཀྱི་ཁེ་ཕན་དོན་དུ་གཉེར་དགོས། གཞུང་དྲང་སྤྱོད་གཙང་མིག་དཔེ་བྱེད་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དམངས་ཀྱི་དོན་དུ་ལས་དོན་གཉེར་བ་དང་སྤྱོད་གཙང་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་།  གཞུང་སྒེར་དང་།  དྲང་བདེན།  ཡིན་མིན།  བརྩེ་དུང་།  འཆམ་མཐུན།  རྒྱས་སྤྲོས།  སྐྱིད་འདོད།  སྤྱོད་གཙང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ།  རང་རྟོགས་ངང་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་དང་འཐབ་རྩོད་བྱེད་པ།  རུལ་སུངས་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ།  དཔོན་པོ་སྤྱོད་གཙང་དང་།  ལས་གཙང་།  ལས་དོན་གཙང་སྒྲུབ།  མི་བུ་ཚུལ་ལྡན་ཞིག་བྱེད་པ་བཅས་ཡིན། 
       དོན་ཚན་གསུམ་པ།  གཙོ་གནད་དོན་འཁྱོལ་བྱ་ཐབས།
       ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོར་དུས་མཚམས་དང་གོ་རིམ་གྱི་དབྱེ་བ་མི་འབྱེད་པའི་དོན་ནི་ཚད་གཞི་ཇེ་དམའ་རུ་བཏང་བ་མིན་པར་བླང་བྱ་དེ་བས་ནན་མོ་བཏོན་ཡོད།  ས་ཁུལ་དང་སྡེ་ཁག  སྡེ་ཚན་ཁག་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་ཀ་བྱས་ཏེ།  སློབ་སྦྱོང་སློབ་གསོ་དང་།  བརྟག་དཔྱད་ཞིབ་འཇུག  གནད་དོན་ལ་ཞིབ་བཤེར།  དག་ཐེར་མཐའ་འཁྱོལ་བཅས་བྱ་རྒྱུ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ།  ཕན་འབྲས་གང་ལེགས་ཐོབ་པར་འབད་བརྩོན་བྱ་དགོས། 
ཏང་ནང་དུ་གནས་པའི་གནད་དོན་མངོན་གསལ་ཅན་ཁ་ཤས་ནི་རྩ་བའི་ཐོག་ནས་བཤད་ན་ཚང་མ་བསམ་བློའི་ཐད་ཀྱི་གནད་དོན་ཡིན།  ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་གྱི་ལས་འགུལ་ནས་བཟུང་།  ང་ཚོའི་ཏང་གིས་གཅིག་བསྡུས་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ་ཚང་མ་བསམ་བློའི་སློབ་གསོར་བརྟེན་ནས་འགོ་བཙུགས་པ་རེད།  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་རིགས་པའི་གཞུང་ལུགས་ཀྱི་རྒྱབ་བརྟེན་སྲ་བརྟན་དུ་གཏོང་བ་དང་།  བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་བྱེད་པར་དམིགས་པ།  ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་མ་རྩོམ་ཀློག་པ་དང་།  མ་ཡིག་སློབ་སྦྱོང་བྱེད་པ།  རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ།  རང་རྟོགས་ཀྱིས་རེའུ་མིག་དང་དམིགས་ཚད་ལ་ཁ་གཏད་འཇལ་བ་དང་།  དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་བྱེད་དགོས།  རིགས་པའི་གཞུང་ལུགས་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆེད་དོན་བགྲོ་གླེང་བྱེད་དགོས།  བྱེད་ཐབས་སྣ་མང་སྤྱད་དེ་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་།  གནས་བབ་སྲིད་ཇུས་ཀྱི་སློབ་གསོ།  སྔོན་ཐོན་དཔེ་མཚོན་གྱི་སློབ་གསོ།  ཉེན་ཟོན་སློབ་གསོ་བཅས་གཏིང་ཟབ་སྤེལ་ནས་སློབ་སྦྱོང་སློབ་གསོའི་དམིགས་སའི་རང་བཞིན་དང་།  དངོས་ཕན་རང་བཞིན།  ཕུགས་བསམ་དང་དད་སེམས་འཆང་བ་དང་།  བླ་ན་མེད་པའི་བསམ་བློ་འཛིན་པ།  ཐོག་མའི་འགན་འཁྲི་བརྟན་སྲུང་།  འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱས་ཏེ་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱེད་དགོས།  ལག་བསྟར་བྱ་མི་ཐུབ་པའི་ཚིག་སྟོང་མི་ལབ་པར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱས་ཏེ།  གནད་དོན་ཅི་ཞིག་ཡིན་པ་དང་གནད་དོན་གང་དུ་འདུག་པ་གསལ་བོར་རྒྱུས་ལོན་བྱས་ཏེ།  དཀའ་གནད་སེལ་བའི་ཐབས་ཤེས་ནུས་ལྡན་འཚོལ་དགོས།  བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཕན་འབྲས་དངོས་ལ་དོ་སྣང་བྱས་ཏེ་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ནི་ཏང་གི་རིགས་པའི་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་པའི་བརྒྱུད་རིམ་དུ་འགྱུར་བ་དང་།  མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་གོ་རིམ་དུ་འགྱུར་བ།  བྱ་གཞག་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་གོ་རིམ་དུ་འགྱུར་བ་བཅས་བྱ་དགོས།  བརྟག་དཔྱད་ཞིབ་འཇུག་གི་ཆེད་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་སྔོན་འགོག་དང་།  དོན་གྱི་གནད་ལ་མི་ཁེལ་བའི་བརྟག་དཔྱད་ཞིབ་འཇུག་བྱེད་པ་སྔོན་འགོག་དང་། གནད་དོན་གང་ཡིན་པ་དང་གནད་འགག་གང་ཡིན་པ་གསལ་པོ་ཤེས་དགོས་ཤིང་།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་གནས་ཚུལ་ངོ་མ་ཁོང་དུ་ཆུད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།   ནོར་འཁྲུལ་གྱི་གནད་དོན་ལ་གདོང་གཏད་ནས་ཡོ་བསྲང་བྱེད་ཕོད་པ་ནི་ང་ཚོའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཡོན་ཏན་ཡིན་ལ།  ཏང་ཡོན་ལས་བྱེད་པའི་ནང་ཁུལ་དུ་རང་ངོས་ནས་གསར་བརྗེ་བྱེད་པའི་སྙིང་སྟོབས་དང་།  བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་དང་བསམ་གཞིགས་ནན་ཏན།  དོན་དངོས་གནད་དོན་འཚོལ་བ།  འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ།  འབད་བརྩོན་བྱེད་ཕྱོགས་དང་ལེགས་བཅོས་བྱེད་ཐབས་ཁ་གསལ་བཅས་བྱ་དགོས་པའི་སློབ་གསོ་གཏོང་དགོས།  གནད་དོན་ལ་ཞིབ་བཤེར་བྱེད་སྐབས་གནད་ལ་མི་གཞོལ་བ་དང་ལྗིད་གཡོལ་ཡང་ལེན་སོགས་བྱེད་པ་སྔོན་འགོག་བྱ་དགོས།  གོང་རིམ་གྱིས་བཏོན་པའི་གནད་དོན་གྱིས་རང་ངོས་ཀྱིས་འཚོལ་ཞིབ་བྱེད་པའི་གནད་དོན་གྱི་ཚབ་བྱེད་པ།  ལས་ཁུངས་ཀྱི་གནད་དོན་གྱིས་མི་སྒེར་གྱི་གནད་དོན་གྱི་ཚབ་བྱེད་པ།  མི་གཞན་གྱི་གནད་དོན་གྱིས་རང་ངོས་ཀྱི་གནད་དོན་གྱི་ཚབ་བྱེད་པ།  ལས་ཀའི་ལས་སྒོའི་གནད་དོན་གྱིས་བསམ་བློ་དང་ཆབ་སྲིད་ཀྱི་གནད་དོན་གྱི་ཚབ་བྱེད་པ།  གནད་དོན་རྙིང་པས་གནད་དོན་གསར་པའི་ཚབ་བྱེད་པ་བཅས་སྔོན་འགོག་བྱ་དགོས།  སྔོག་འདོན་བྱས་པའི་གནད་དོན་ལ་དམིགས་ནས་ནད་བསྟུན་སྨན་བཅོས་བྱས་ནས་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། 
       ད་ལྟ་ལེགས་བཅོས་བྱེད་ཐུབ་པ་དག་དུས་བཅད་དང་བླང་བྱ་བཏོན་ནས་དུས་བཅད་ལྟར་དག་ཐེར་དང་ལེགས་བཅོས་འབུར་ཐོན་བྱེད་དགོས།  དུས་ཡུན་ཐུང་ཐུང་གི་ནང་དུ་ཐག་གཅོད་བྱེད་མི་ཐུབ་པའི་རིགས་ལ་དམ་པོར་དམིགས་ཏེ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།  རང་རྟོགས་བྱེད་ཤུགས་ཆེ་རུ་གཏོང་བ།  དུས་རིམ་གྱི་དམིགས་འབེན་ཁ་གསལ་བཟོ་བ།  དག་ཐེར་རྒྱུན་མཐུད་བཅས་བྱེད་དགོས།  དག་ཐེར་དོན་འཁྱོལ་བྱས་ཏེ་ར་མགོ་ལུག་སྦྱར་དང་།  ཡུན་རིང་འགོར་འགྱངས་བྱས་པ་སྔོན་འགོག་བྱེད་པ།  ཁ་སྟོང་ཚིག་སྟོང་གི་དག་ཐེར་དང་ཡོ་བསྲང་གནད་ལ་མི་ཁེལ་བའི་རིགས་སྔོན་འགོག་བྱེད་པ། དག་ཐེར་ཡོ་བསྲང་དང་།   གཞི་རིམ་གྱི་ཁུར་པོ་མང་དུ་གཏོང་བ་བཅས་སྔོན་འགོག་བྱེད་དགོས།  བརྗོད་དོན་གཙོ་བོའིསློབ་གསོ་སྤེལ་བ་དེ་ཁྲིད་ཕྱོགས་ཡང་དག་པ་འཛུགས་པ་དང་ཟུང་འབྲེལ་བྱས་ཏེ།  འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་དང་།  བསམ་བློ།  སྤྱོད་ཚུལ།  འགན་སྒྲུབ་སོགས་ཀྱི་གནས་ཚུལ་ལ་དཔྱད་དཔོག་བྱེད་པ་དང་།  དུས་ཐོག་ཏུ་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་ཡག་པོ་བྱེད་པ།  ཏང་ལ་བློ་མི་དཀར་བ་དང་།  སྲིད་དོན་སྒྲུབ་ཀྱང་སྤྱོད་པ་མི་གཙང་བ།  དཔོན་གནས་འཛིན་རྐྱང་བྱེད་པ་བཅས་ཀྱི་ལས་བྱེད་པ་བརྗེ་སྤོར་དང་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ།  ཕུལ་བྱུང་ཅན་རྒྱལ་བ་དང་།  ཐ་ཤལ།  ངན་པ་ཕྱིར་ཕུད་པ་བཅས་ཀྱི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཆགས་པར་བྱ་དགོས།   
       ཉེ་བའི་ལོ་ཤས་རིང་།  ང་ཚོས་མང་ཚོགས་ཀྱི་དོ་ཁུར་དང་ལེན་བྱས་ནས།  སྔ་རྗེས་སུ་གཞུང་དངུལ་སྤྱོད་པ་དང་།  གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་བྱེད་པ།  ཁང་བ་གང་བྱུང་དུ་འཛུགས་པ་སོགས་ལ་ཆེད་དོན་བཅོས་སྒྲིག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།  ཆེད་དོན་དག་ཐེར་བཅོས་སྐྱོང་གི་ཁ་ཞེང་ཆུང་ལ།  ཤུགས་འདོན་པ་གནད་ལ་འཁེལ་ཞིང་།  ཕན་འབྲས་ཤིན་ཏུ་བཟང་ །  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་ནི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས་བརྒྱུད་རིམ་ཧྲིལ་པོར་དམ་འཛིན་བྱེད་དགོས།  ཏང་ཀྲུང་དབྱང་གིས་གཅིག་གྱུར་བཀོད་སྒྲིག་བྱས་པ་ཕུད།  ས་ཁུལ་ཁག་དང་སྡེ་ཁག་ཁག   སྡེ་ཚན་ཁག་བཅས་ཀྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་བཅོས་སྐྱོང་བྱ་དགོས་པའི་གནད་དོན་མངོན་གསལ་ཅན་བཀོད་ནས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱ་དགོས།  ཆེད་དོན་བཅོས་སྒྲིག་གི་གནས་ཚུལ་དེ་བྱ་ཐབས་འོས་འཚམ་གྱི་ཐོག་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བརྡ་ཁྱབ་གཏོང་དགོས་པ་དང་ཆེད་དོན་བཅོས་སྒྲིག་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། 
བརྗོད་དོན་སློབ་གསོ་མཇུག་མ་སྒྲིལ་གོང་།  འགོ་ཁྲིད་ཚན་ཁག་གིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱེད་དགོས།  རང་སྐྱོན་རང་བརྗོད་བྱེད་པ་གནད་ལ་ཕོག་ཐུབ་པ་བྱ་དགོས། ཕན་ཚུན་སྐྱོན་བརྗོད་བྱེད་སྐབས་གནད་དོན་གནད་ལ་ཁེལ་བ་བྱས་ཏེ་གདོང་དམར་པོ་ཆགས་པ་དང་དུག་སེལ་ནད་བཅོས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས།  རང་སྐྱོན་ཐོས་འཕྲལ་དགའ་སྣང་སྐྱེ་བ་དང་སྦ་གསང་མེད་པའི་བློ་རྒྱ་ཡོད་དགོས་པ་དང་།  བསམ་འཆར་མི་འདྲ་བ་བསྡུ་ལེན་བྱས་ནས་སྐྱོན་བརྗོད་དྲག་པོ་དང་ལེན་བྱ་དགོས། 
      གསུམ། བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ལ་ཤུགས་སྣོན་པ།
      ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་དུས་ཚོད་ཐུང་ཞིང་ལས་འགན་ལྕི་བ།  བླང་བྱ་ནན་མོ་ཡིན་པས།ས་ཁུལ་སོ་སོའི་སྡེ་ཁག་དག་དང་སྡེ་ཚན་ཁག་གི་ཏང་ཨུ(ཏང་གི་རྩ་འཛུགས)ཡིས་གཙིགས་སུ་བཟུང་ཏེ།  འགོ་ཁྲིད་རྩ་འཛུགས་ཤུགས་ཆེར་གཏོང་བ།  ལྟ་སྐུལ་དང་སློབ་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ།  བརྗོད་དོན་སློབ་གསོའི་སྤུས་ཚད་མཐོ་རུ་ཡོང་བ་བཅས་བྱ་དགོས།   ཐེངས་འདིའི་བརྗོད་དོན་སློབ་གསོ་དེ་ཏང་ཀྲུང་དབྱང་གིས་འགོ་ཁྲིད་ནས་སྤེལ་བ་ཡིན་པས།  ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོ་ཆུང་དང་དེའི་གཞུང་ལས་ཁང་བཙུགས་ཡོད།  འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ལས་ཁུངས་རྣམས་ཀྱིས་འགན་ནུས་འདོན་སྤེལ་བྱས་ནས་འགན་འཁྲི་མཉམ་ལེན་བྱེད་པ།ཏང་ཨུ་རིམ་པ་ཁག(ཏང་གི་རྩ་འཛུགས)གིས་འགན་འཁྲི་ཕྲག་ཏུ་ལེན་དགོས་པ་དང་།  འགོ་ཁྲིད་བློ་མཐུན་གཙོ་བོས་འགན་ཡོད་ཚད་འཁུར་དགོས། ཏང་ཨུ་ཁོངས་མིའི་(ཏང་གི་རྩ་འཛུགས)ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་ཏན་བྱས་ཏེ་ལས་བགོས་འགན་གཉེར་ཁྱབ་ཁོངས་ལ་སློབ་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།  ལས་རིགས་ཁོངས་གཏོགས་གཙོ་གཉེར་སྡེ་ཁག་གིས་རང་གི་ལས་རིགས་དང་རང་གི་ཁོངས་གཏོགས་ལ་མཛུབ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས།  འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་། སྦྱང་བ་མཐར་ཕྱིན་བྱེད་པ།  སྔོན་ལ་ལེགས་བཅོས་དང་དོན་དངོས་དང་མཐུན་པ་བཅས་བྱ་དགོས་པ་དང་།  དུས་མཚུངས་སུ་འགོ་ཁྲིད་ཀྱི་མཛུབ་སྟོན་འགན་འཁྲི་ཡག་པོ་འཁུར་བ་དང་།  རང་གཏོགས་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོ་དམ་འཛིན་ལེགས་པོ་བྱ་དགོས།  བརྗོད་དོན་སློབ་གསོའི་ཐད་སྒྱིད་ལུག་གི་ལྟ་སྟངས་ཀྱིས་དོན་འཁྱོལ་སླ་བཅོས་བྱ་མཁན་དག་ལ་སྐྱོན་བརྗོད་ནན་པོ་བྱེད་དགོས་པ་དང་།  ཕྱི་ཚུལ་གྱིས་རྣམ་པ་བསྒྱུར་བ་དང་གནད་དོན་ཚབས་ཆེན་ཡིན་པའི་རིགས་ལ་རྩ་འཛུགས་ཀྱིས་ཐག་གཅོད་བྱ་དགོས།  ཏང་ཨུ(ཏང་རྩ་འཛུགས)ཁག་གིས་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ།  ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་གིས་ས་གནས་ཁག་དང་སྡེ་ཁག  ལས་ཁུངས་དག་གིས་བརྗོད་དོན་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་ལས་རིགས་ཁོངས་གཏོགས་གཙོ་སྐྱོང་སྡེ་ཁག་གི་ཏང་གི་རྩ་འཛུགས་ཀྱིས་སྐོར་བསྐྱོད་སློབ་སྟོན་ཚོ་ཆུང་མངགས་ནས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ལ་རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཡོང་བ་བྱས་ཏེ་གཅིག་དཔེ་བརྒྱ་འགེབས་བྱ་རྒྱུ་སྔོན་འགོག་བྱེད་དགོས།  ས་ཁུལ་ཁག་དང་ཏང་ཨུ(ཏང་ཙུའུ)ལ་བརྟེན་ནས་ལྟ་སྐུལ་སློབ་སྟོན་གྱི་གནས་ཚུལ་དུས་ཐོག་ཏུ་ཞུ་བ་དང་། གནད་དོན་ཡོད་རིགས་སྙན་ཞུ་བྱེད་དགོས།  དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཧུར་ཐག་གིས་དྲིལ་བསྒྲགས་བྱས་ནས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་ཕན་འབྲས་དངོས་དྲིལ་བསྒྲགས་བྱེད་དགོས། དྲང་ཕྱོགས་ཀྱི་དཔེ་མཚོན་དྲིལ་བསྒྲགས་བྱེད་པ་དང་ཏང་ཡོན་ལས་བྱེད་པའི་ཉེ་འགྲམ་དུ་སློབ་སྦྱོང་བྱེད་ཆོག་པའི་སྔོན་ཐོན་མི་སྣ་དྲིལ་བསྒྲགས་བྱས་ཏེ་སློབ་སྦྱོང་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་བཟང་པོ་ཁག་གཅིག་ཁྱབ་གདལ་གཏོང་དགོས།  ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གྱོད་གཞིར་གཞིགས་ནས་སྒྲིག་ཁྲིམས་ཁ་གསལ་དང་དག་ཐེར་ལ་སྐུལ་འདེད་བཏང་ནས་ཉེན་བརྡའི་ནུས་པ་འདོན་སྤེལ་བྱེད་དགོས།  ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།  ས་ཁུལ་ཁག་དང་སྡེ་ཁག  ལས་ཁུངས་ཁག་བཅས་ཀྱིས་ལྟེ་བར་དམིགས་པ་དང་།  ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་དང་།  བརྗོད་དོན་སློབ་གསོ་སྤེལ་བ་དེ་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་བརླིང་བཅས་ཀྱི་ལས་འགན་ཁག་ལེགས་འགྲུབ་བྱ་རྒྱུ་དང་ཟུང་འབྲེལ།  འཕར་སྣོན་བརྟན་པོ་དང་།  བསྒྱུར་བཅོས་ལ་སྐུལ་འདེད།  གྲུབ་ཚུལ་ལེགས་སྒྲིག  དམངས་འཚོར་ཕན་སྒྲུབ།  ཉེན་ཁ་སྔོན་འགོག  བརྟན་བརླིང་འགན་ལེན་བཅས་ཀྱི་ལས་དོན་ཁག་དང་ཟུང་འབྲེལ།  ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱེད་བཞིན་པའི་ལས་དོན་ཁག་དང་ཟུང་འབྲེལ་བྱས་ཏེ།  ཏང་ཡོན་ལས་བྱེད་པའི་སྤྲོ་སེམས་དང་ནུས་ཤུགས་དེ་ལས་སྒྲུབ་དང་དཀའ་ཁག་ལ་གདོང་གཏོད་ཕོད་པའི་སྒུལ་ཤུགས་སུ་འགྱུར་བ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་གང་ཐུབ་བྱེད་པ་དང་།  ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྤྱོད་ཚུལ་འཛུགས་པ་དང་།  བདེན་པ་དོན་གཉེར་དང་སྤྱོད་ཚུལ་ལེགས་འགྱུར་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།  རང་ཉིད་ནས་འགོ་བརྩམས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དངོས་ལ་དོ་སྣང་དང་ངོ་བོའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་།  ཕྱི་ཚུལ་རིང་ལུགས་སྔོན་འགོག་བྱེད་དགོས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群 网上赚钱月入千万 开货车越来越不赚钱 wow7.2锻造怎么赚钱 游戏工作室大亨3游戏不赚钱 3dsDQ8不能炼金赚钱吗 种植地瓜能赚钱吗 赚钱新网游排行榜 贪玩 游戏赚钱 赚钱宝 内网 端口映射 手机广告联盟挂机赚钱 下载99赚钱APP 分销代理现在赚钱吗 高速路中标能赚钱吗 怎样用花呗赚钱话费 有什么o2o游戏可以赚钱 开个理发店怎么赚钱