今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཞི་ཅིན་ཕིང་གིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་སློབ་གསོའི་ཐད་གནང་བའི་གསུང་བཤད་གལ་ཆེན་བདམས་བསྒྱུར།

      ང་ཚོའི་མི་རིགས་ནི་རླབས་ཆེན་གྱི་མི་རིགས་ཤིག་ཡིན། ལོ་ངོ་མང་པོའི་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ནང་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་ཡོན་ཡར་རྒྱས་ལ་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཉེ་རབས་སུ་ང་ཚོའི་མི་རིགས་ཀྱིས་དཀའ་སྡུག་མང་བོ་མྱངས་ཤིང་། ཀྲུང་ཧྭ་མི་རིགས་ཉེན་ཁ་ཆེ་ཤོས་ཀྱི་དུས་སུ་སླེབས་པ་མ་ཟད། དུས་དེ་ནས་བཟུང་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་སླད། སྤྱོད་ཡོན་གཉིས་ལྡན་གྱི་སྐྱེས་བུ་མང་བོས་དཔའ་ངར་ཆེར་བསྐྱེད་ཀྱིས་འགོག་རྒོལ་བྱས་ཀྱང་། སྔ་གཞུག་ཚང་མར་ཕམ་ཉེས་བྱུང་བ་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔོན་འགྱེལ་རྗེས་མཐུད་དང་དཔའ་ངར་ཞུམ་མེད་བྱས་ཏེ། དབུལ་ཕོངས་རྗེས་ལུས་ཀྱི་ཀྲུང་གོ་རྙིང་པ་དེ་ཉིན་རེ་བཞིན་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཀྲུང་གོ་གསར་བར་བསྒྱུར་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་མདུན་ལམ་སྔར་ལས་ཡངས་བར་བྱས། ང་ཚོའི་འགན་འཁྲི་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་ཀྱི་རྒྱུན་མཐུད་ནས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་པ་ལྷོད་མེད་བྱས་ཏེ་ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་མི་རིགས་ཀྱི་གྲས་སུ་སྔར་བས་ལྷག་པར་འགྱིང་ངེར་གནས་ཤིང་། མིའི་རིགས་ལ་སྔར་བས་ལྷག་པའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན། 
《མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་བསྙེག་ནི་ང་ཚོའི་འབད་འབུངས་ཀྱི་དམིགས་དབེན་ཡིན།》(2012ལོའི་ཟླ11ཚེས15)《ཞི་ཅིང་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》གླེགས་བམ་དང་བོ།  ཕྱི་ཡིག་པར་སྐྲུན་ཁང་གི༢༠༡༨ལོའི་པར་གཞིའི་ཤོག་ངོས༣ནས༤བར།
      ང་ཚོའི་མི་དམངས་ནི་འཚོ་བ་ལ་དགའ་ཞིང་ཁོ་ཚོས་ནམ་ཡང་སློབ་གསོ་སྔར་ལས་སྤུས་ལེགས་དང་ལས་ཀ་སྔར་བས་བརྟན་འཇགས་ཡིན་པ། ཡོང་སྒོ་སྔར་བས་ཡིད་མགུ་བ་དང་།  སྤྱི་ཚོགས་འགན་སྲུང་སྔར་ལས་འཐུས་ཚང་བ། སྨན་བཅོས་ཆུ་ཚད་སྔར་ལས་མཐོ་བ། སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་དང་ཁོར་ཡུག་སྔར་ལས་མཛེས་པ་བཅས་ཡོང་བར་རེ་སྨོན་བྱེད་བཞིན་ཡོད་པ་དང་། ཕྲུ་གུ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། ལས་ཀ་སྔར་ལས་ལེགས་པ། འཚོ་བ་སྔར་ལས་ཇེ་ལེགས་བྱེད་པ་བཅས་ལ་རེ་བ་བྱེད་ཀྱིན་ཡོད།  མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་བརྩོན་བྱེད་པའི་དམིགས་ཡུལ་ཞིག་ཡིན་ལ།  མི་ཡུལ་གྱི་བདེ་སྐྱིད་ཡོད་ཚད་དཀའ་སྤྱད་ཀྱི་ངལ་རྩོལ་ལ་བརྟེན་ནས་གསར་བསྐྲུན་བྱེད་དགོས། 
      ང་ཚོའི་འགན་འཁྲི་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མུ་མཐུད་དུ་བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཟམ་མི་ཆད་པར་བཅིངས་འགྲོལ་དང་གོང་སྤེལ།  མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་གང་ཐུབ། བློ་བརྟན་འགྱུར་མེད་ཀྱིས་ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་བཅས་ཡིན། 
《མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རེ་བསྙེག་ནི་ང་ཚོའི་འབད་འབུངས་ཀྱི་དམིགས་དབེན་ཡིན》 (2012ལོའི་ཟླ་11ཚེས་15ཉིན། 《ཞི་ཅིང་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》 ཕྱི་ཡིག་པར་སྐྲུན་ཁང་གི་༢༠༡༨ལོའི་པར་གཞིའི་ཤོག་ངོས༤།
    བརྗོད་དོན་སློབ་གསོའི་ཁྲོད་ཕྱོགས་ཡོངས་ནས་ཐོག་མའི་སེམས་འདུན་ཡིད་ལ་བཟུང་ནས་འགན་འཁྲི་འཁུར་ཞིང་། ཧེ་བག་འཚོལ་བ་དང་། དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ཡིད་ལ་དམ་པོར་བཅངས་ནས་སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག  གནད་དོན་ལ་ཞིབ་བཤེར།  དག་ཐེར་དོན་འཁྱོལ་བཅས་ཟུང་འབྲེལ་གྱིས་དོན་གྱི་འབྲས་བུ་ཐོན་གང་ཐུབ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གཟེངས་བསྟོད་བྱེད་པ་དང་། ནུས་པ་མི་འདང་བའི་རིགས་ལ་དུས་ཐོག་ཏུ་སྐྱོན་བརྗོད་དང་དྲན་སྐུལ་བྱས་ཏེ་ནོར་འཛོལ་བྱུང་ན་དུས་ཐོག་ཏུ་ཡོ་བསྲང་བྱ་དགོས།
      ནང་སོག་ཏུ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བཅས་ཞེས་པའི་བརྗོད་དོན་སློབ་གསོའི་གཏམ་བཤད་སྐབས་ཀྱི་གཏམ་བཤད།(2019ལོའི་ཟླ7ཚེས་15ཉིན།  མི་དམངས་ཉིན་རེའི་ཚགས་པར།2019ལོའི་ཟླ་7ཚེས17ཉིན།
རང་རྒྱལ་ནི་འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་ཞིང་། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱས་ནས་འཛམ་གླིང་ཐོག་གི་ཐོག་དང་པོར་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པའི་སྟོབས་ལྡན་གྱི་མ་རྩ་རིང་ལུགས་མ་ཡིན་པའི་རྒྱལ་ཁབ་བདེ་བླག་ངང་འཛུགས་སྐྲུན་བྱེད་པའི་སྐབས་སུ། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཁྲོད་ཀྱི་ལོ་རྒྱུས་དོན་སྙིང་སྔར་ལས་མངོན་པར་བྱེད་ཐུབ།    《སྡུག་འབྱུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས》 རླབས་ཆེན་གྱི་ཕུགས་འདུན་ནི་སྒུག་ནས་ཐོབ་པ་ཞིག་མིན་ལ་འབོད་པ་ལས་ཐོབ་པ་ཞིག་ཀྱང་མིན།  ཇི་ལྟར་བསྐྱོད་ན་དེ་ལྟར་དཀའ་ཞིང་། ཇི་ལྟར་བསྐྱོད་ན་དེ་ལྟར་ཉེན་ཁ་ཆེ་ཡང་ཕྱིར་བཤོལ་བྱེད་ཐབས་གཏན་ནས་མེད། བསྒྱུར་བཅོས་སྒོ་འབྱེད་བྱས་པའི་རྗེས་སུ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མདུན་དུ་ལྷགས་པའི་ལས་འགན་སྔར་ལས་གཟི་བརྗིད་ལྡན་པ་དང་།  འགྲན་སློང་སྔར་ལས་དྲག་པ།  ལས་ཀ་སྔར་ལས་རླབས་ཆེ་བ་བཅས་ཡིན།  རླབས་ཆེན་གྱི་ སྒྲིག་བཀོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་ངེས་པར་དུ་བཀོད་འདོམས་བྱས་ཏེ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དགོས། 
《བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གཏམ་བཤད》(2018ལོའི་ཟླ12ཚེས18ཉིན།) ཞི་ཅིན་ཕིང་གི  《བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གི2018ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས524པ་ནས525པའི་བར། 
       མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ངེས་པར་དུ་ཏང་ཡོངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ལ་ཤུགས་སྣོན་རྒྱག་དགོས་པ་དང་མར་ཁེ་སི་རིང་ལུགས་ཀྱི་སློབ་སྦྱོང་ཅན་གྱི་སྲིད་ཏང་འཛུགས་སྐྱོང་བྱེད་པའི་བླང་བྱ་ལྟར། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་བརྟན་པོར་འཛུགས་པ་བཅས་བྱ་དགོས། 
    《ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་ཕྱོགས་དྲུག་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས》  (2012ལོའི་ཟླ11ཚེས15ཉིན། ) 《བདེན་འཚོལ》དུས་དེབ་2013ལོའི་དེབ་དང་པོ། 
    རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་སྲོག་ཤིང་ཡིན་པ་དང་།  རིགས་པའི་གཞུང་ལུགས་བྱང་ཆུབ་པ་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བའི་རྨང་གཞི་ཡིན།  ཆབ་སྲིད་ཐོག་གི་བློ་རྩ་བརྟན་པོ་ནི་རིགས་པའི་གཞུང་ལུགས་ཐོག་གི་རིག་པ་དྭངས་གསལ་ལས་བྱུང་བ་རེད།  དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏིང་ཚད་ཁོང་དུ་ཆུད་པར་བྱེད་པ་དེས་ཆབ་སྲིད་ཀྱི་གོ་རྟོགས་དང་མཐོང་རྒྱ་དང་སེམས་རྒྱ་ཐག་གཅོད་བྱེད་ཀྱི་ཡོད།  དེར་བརྟེན་ངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སློབ་སྦྱོང་གི་ཐོག་ཏུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་དང་། ལོ་རྒྱུས་དངོས་གཙོའི་རིང་ལུགས་དང་། རྩོད་སྒྲུབ་དངོས་གཙོ་རིང་ལུགས། མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ཐད་ཀྱི་ནང་དོན་སློབ་སྦྱོང་བྱ་རྒྱུའི་བཀོད་སྒྲིག་བྱས་ཟིན། ང་ཚོས་རིགས་པའི་གཞུང་ལུགས་ལ་སྤྲོ་བ་ཆེན་པོས་འཇུག་རྒྱུ་རྒྱུན་འཁྱོངས་དང་། རང་རྟོགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མར་ཁེ་སི་དང་། ཨེན་ཀེ་སི། ལེ་ཉིན། མའོ་ཀྲུའུ་ཞི་བཅས་ཀྱི་མ་རྩོམ་སློབ་སྦྱོང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ཀྱི་གསར་གཏོད་གྲུབ་འབྲས་ལ་སློབ་སྦྱོང་བཅས་བྱས་ཏེ། རྒྱུན་ཆད་མེད་པར་གྲུབ་འབྲས་འཐོབ་པར་བརྩོན་དགོས།
  《ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ནན་གསུམ་དྲང་གསུམ་གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་གི་གསུང་བཤད》  (2015ལོའི་ཟླ12ཚེས28དང29ཉིན། )
      ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་དམིགས་ཡུལ་ནི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་འཛུགས་སྐྲུན་དང་དྲང་བདེན་གྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲས་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། མར་ཁེ་སི་རིང་ལུགས་ནི་ང་ཚོའི་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་སློབ་སྟོན་བསམ་བློ་ཡིན་ཞིང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་མར་ཁེ་སི་རིང་ལུགས་དེ་རང་ཉིད་ཀྱི་དར་ཆའི་སྟེང་དུ་བྲིས་ཡོད།  ང་ཚོའི་ཏང་ནི་གནས་བབས་གང་ལ་ཐུག་ཀྱང་མར་ཁེ་སི་རིང་ལུགས་ལ་དད་མོས་བརྟན་པོ་བྱེད་པར་གཡོ་འགུལ་གཏན་ནས་ཡོད་མྱོང་མེད། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོའི་ཏང་གིས་སྔ་རྗེས་སུ་ཏང་དག་ཐེར་དང་། སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོ  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་སོགས་སྤེལ་བ་དང་། “སློབ་པ་གཅིག་དང་བྱེད་པ་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་།  གཅིག་སྡུད་རང་བཞིན་གྱི་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་བྱས་པ་བརྒྱུད་ཏང་གི་རིགས་པའི་གཞུང་ལུགས་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། དུས་རབས་གསར་བར་རང་རེའི་ཏང་གིས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་གསར་བ་དང་བསྟུན་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། རིགས་པའི་གཞུང་ལུགས་གསར་གཏོད་དང་ལྡན་པར་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ།རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དམ་འཛིན་བྱ་དགོས།  མིག་སྔར་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཐད་ཏང་ཀྲུང་དབྱང་གི་བླང་བྱ་དང་དང་བསྡུར་ན་ད་དུང་ཧེ་བག་མི་ཆུང་བ་གནས་ཡོད་ཅིང་། ནང་དོན་གཏིང་ཟབ་ཏུ་འགྲོ་བ་དང་། སེམས་ལ་འཆང་བ། དོན་ཐོག་ཏུ་འགྲོ་བ་བཅས་བྱེད་ཐུབ་མེད། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་བསམ་བློའི་ཐོག་ནས་ཏང་གི་འཛུགས་སྐྱོང་དང་། རིགས་པའི་གཞུང་ལུགས་ཐོག་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་དང་། སློབ་སྦྱོང་དང་། བསམ་བློ། བཀོལ་སྤྱོད་ཕན་ཚུན་གཅིག་གྱུར་བྱེད་པ་མཐའ་འཁྱོངས་བྱེད་པ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་གཞིགས་གཏིང་ཟབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཁག་ཐེག་ཐུབ་པ་བཅས་བྱས་ཏེ་དད་སེམས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྙིང་སྟོབས་ཀྱི་ཀ་བ་བརྟན་དུ་གཏོང་བ། བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་བ་བཅས་བྱེད་དགོས། 
  《“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད》(2019ལོའི་ཟླ5ཚེས31ཉིན)མི་དམངས་དཔེ་བསྐྲུན་ཁང་གི་དེབ་རྐྱང་པ་ཤོག་ངོས2པ་ནས3པའི་བར། 
    ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་གུང་ཁྲན་ཏང་མིའི་བླང་བྱ་བརྟན་སྲུང་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་གཞི་རྩའི་ཆ་རྐྱེན་ཡིན།  མར་ཁེ་སི་རིང་ལུགས་ལ་དད་མོས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་པ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། གུང་ཁྲན་ཏང་མིས་ཉམས་སད་གང་ཡང་ཐེག་ཐུབ་པའི་བསམ་པའི་སྲོག་ཤིང་ཡང་ཡིན།  གཟུགས་སུ་བཀོད་པའི་སྒོ་ནས་བཤད་ན།  ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི“ཀཱལ”ཡིན་པ་དང་། ཕུགས་བསམ་དང་དད་སེམས་མེད་པ།  ཕུགས་བསམ་དང་དད་སེམས་བརྟན་པོ་མེད་པ་བཅས་ཡིན་ན།  བསམ་བློའི་ཐད“ཀཱལ”མི་འདང་པ་དང་། “རུས་སྙིའི་ནད་”ཕོག་ངེས་རེད།  དངོས་ཡོད་འཚོ་བའི་ནང་དུ།  ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ལ་གནད་དོན་འདི་དང་དེ་འདྲ་བྱུང་བ་ནི།  དད་མོས་རབ་རིབ་ཏུ་གྱུར་པ་དང་། བསམ་པ་འཁྲུལ་བས་རེད། 
《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་འཕེལ་རྒྱས་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ》(2012ལོའིཟླ་11ཚེས17ཉིན།)  《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》 ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གི་2018ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས15པ། 
      གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་ཞིང་། ཕུགས་བསམ་ཆེན་པོ་མེད་ན་ཚད་ལྡན་གྱི་གུང་ཁྲན་ཏང་ཡོན་ཞིག་མིན། ལས་ཀ་དངོས་དང་ཁ་བྲལ་ནས་ཕུགས་བསམ་ཆེན་པོ་སྟོང་བཤད་བྱེད་པ་དེ་ཡང་ཚད་ལོན་པའི་གུང་ཁྲན་ཏང་ཡོན་ཞིག་མིན། ང་ཚོའི་ཏང་གི་ལོ་ངོ་དགུ་བཅུ་ལྷག་གི་ལོ་རྒྱུས་ཁྲོད། མི་རབས་ནས་མི་རབས་བར་གུང་ཁྲན་ཏང་མིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་ཆེད་ཁྲག་བཏོན་ནས་རང་སྲོག་བློས་བཏང་བ་ནི་དད་མོས་ཤིག་དང་ཕུགས་བསམ་ཞིག་རེད།  ཁོང་ཚོས་ཀྱང་རང་ཉིད་ཀྱིས་དོན་གཉེར་བྱེད་པའི་ཕུགས་བསམ་དེ་རང་ཉིད་ཀྱི་ལག་ཏུ་མངོན་འགྱུར་ཡོང་མི་སྲིད་མོད།  འོན་ཀྱང་ཁོང་ཚོས་མི་རབས་ནས་མི་རབས་བར་འབད་བརྩོན་བྱས་ཏེ་དེའི་ཆེད་དུ་རང་སྲོག་བློས་བཏང་ཚེ་བླ་ན་མེད་པའི་ཕུགས་བསམ་མངོན་འགྱུར་བྱུང་བར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད།  དེ་རིང་གུང་ཁྲན་ཏང་ཡོན་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཡོད་མེད་ཞིབ་བསྡུར་བྱེད་པར་ཕྱི་ཡུལ་གྱི་ཚད་གཞི་ཡོད་པས།  ཁོ་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱེད་ཐུབ་མིན་དང་། དཀའ་བ་སྔོན་ལ་མྱོང་བ་དང་བདེ་བ་རྗེས་སུ་མྱོང་ཐུབ་མིན་དང་། ལས་ཀ་སྒྲུབ་མིན་དང་སྤྱོད་གཙང་ཡིན་མིན། ཕུགས་བསམ་གྱི་ཆེད་དུ་རང་སྲོག་ཕངས་མེད་ཀྱིས་འབད་བརྩོན་དང་། རང་ཉིད་ཀྱི་སེམས་ཤུགས་ཡོངས་རྫོགས་དང་ཐ་ན་ཚེ་སྲོག་འབུལ་ཐུབ་མིན་བཅས་ལ་བལྟ་དགོས། སོམ་ཉི་དང་ཐེ་ཚོམ་གྱི་ལྟ་བ་མཐའ་དག་དང་། དུས་ཐོག་ཏུ་སྐྱིད་པོ་གཏོང་བའི་བསམ་བློ།  སྒེར་གྱི་ཁེ་ཕན་ལ་རྔམ་པའི་བྱ་སྤྱོད་མཐའ་དག་རེ་བ་གང་ཡང་མེད་པའི་སྤྱོད་ཚུལ་ཞིག་རེད། 
《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གནད་དོན། 》 (2013ལོའི་ཟླ1ཚེས5ཉིན། )  《བདེན་འཚོལ》 དུས་དེབ་2019ལོའི་དེབ་བདུན་པ། 
      དད་མོས་དང་དད་སེམས། ཡིད་ཆེས་བཅས་ནི་དུས་དང་རྣམ་པ་ཀུན་ཏུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཆུང་བ་ནས་མི་སྒེར་དང་ཐུན་མོང་ཞིག་གི་བར་དང་།  ཆེ་བ་ནས་སྲིད་ཏང་ཞིག་དང་། མི་རིགས་ཤིག  རྒྱལ་ཁབ་ཞིག་བཅས་བར་དད་མོས་དང་། དད་སེམས། ཡིད་ཆེས་བཅས་ཡོད་ཕྱིན་དེ་ཙམ་གྱིས་དཀའ་སྤྱད་སྙིང་རུས་དང་དམག་ཇི་ཙམ་བརྒྱབ་ན་དེ་ཙམ་གྱིས་དཔའ་ངར་ཆེ་རུ་འགྲོ་གི་རེད། དེ་ལྟར་མ་བྱས་ན་མ་འཐབ་རང་ཕམ་དུ་འགྲོ་བ་རེད། སྔོན་ཆད་དང་ཡང་ན་འབྱུང་འགྱུར་གང་ཡིན་རུང་། མར་ཁེ་སི་རིང་ལུགས་ལ་དད་མོས་བྱེད་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཡིད་ཆེས་བྱེད་པ་བཅས་ཚང་མ་ཀྲུང་གོའི་མི་དམངས་ཡར་ལངས་ཐུབ་པ་དང་། ཕྱུག་པོར་འགྱུར་ཐུབ་པ། སྟོབས་ཆེར་འགྲོ་བ་བཅས་ལ་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། 
         《བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།》 (2018ལོའི་ཟླ12ཚེས18ཉིན། )ཞི་ཅིན་ཕིང་གི  《བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུའི་སྐོར་གླེང་བ》ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གི་2018ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས525པ། 
      ཏང་གི་སྒྲིག་ཡིག་ནི་ཏང་གི་སྤྱིའི་སྒྲིག་ཡིག་ཡིན་ཞིང་། དེ་ཡིས་ཏང་གི་ཕྱོགས་བསྡུས་རང་བཞིན་མཚོན་ཡོད། ཏང་གི་དམིགས་ཡུལ་དང་། རིགས་པའི་གཞུང་ལུགས། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཏང་གི་འདོད་ཚུལ་གལ་ཆེན་གཏན་འབེབས་བྱས་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཐུན་མོང་ཐོག་བརྩི་སྲུང་ཞུ་དགོས ། ཏང་གི་སྒྲིག་ཡིག་ནི་ཏང་གི་རྩ་བའི་བཅའ་ཁྲིམས་ཆེན་པོ་ཡིན་ལ།  ཏང་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་སྤྱིའི་སྒྲིག་ལམ་ཡིན།  ཏང་རྩ་འཛུགས་རིམ་པ་ཁག་གི་བྱེད་སྒོ་ཚང་མའི་ནང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྤྱི། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་བརྩི་སྲུང་། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། རང་རྟོགས་ངང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་གི་འདུ་ཤེས་དང་། སྲིད་སྐྱོང་འདུ་ཤེས།  ཁྱོན་ཡོངས་ཀྱི་འདུ་ཤེས།  འགན་འཁྲིའི་འདུ་ཤེས་བཅས་འཛིན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ལ་བློ་དཀར་བ་དང་། རྒྱལ་ཁབ་ལ་འགན་འཁྲི་འཁུར་བ།  མི་དམངས་ལ་ལེགས་སྐྱེས་འབུལ་བ་བཅས་ བྱ་དགོས། 
          《ཏང་གི་སྒྲིག་ཡིག་སློབ་སྦྱོང་ནན་ཏན་དང་ཏང་གི་སྒྲིག་ཡིག་བརྩི་སྲུང་ནན་པོ་བྱ་དགོས། 》(2012ལོའི་ཟླ11ཚེས16ཉིན།)《མི་དམངས་ཉིན་རེའི་ཚགས་པར། 》2012ལོའི་ཟླ11ཚེས20ཉིན། 
      ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་པ་དང་། དེང་སྐབས་ཀྲུང་གོ་གུང་ཁྲན་ཏང་ལས་ཆེ་བའི་ཆབ་སྲིད་ཀྱི་སྟོབས་ཤུགས་སམ་སྟོབས་ཤུགས་གཞན་དག་གང་ཡང་མེད། ཏང་སྲིད་དམག་དམངས་སློབ་དང་། ཤར་ནུབ་ཀུན་གྱི་ཁྲོད་དུ་ཏང་ནི་འགོ་ཁྲིད་བྱེད་མཁན་གྱི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་མཐོ་ཤོས་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་སྲིད་འཛིན་ཏང་ཡིན་པ་དང་། ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། རང་རྒྱལ་གྱི་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྩ་བ་ཡིན་པས་གཡོ་འགུལ་གཏན་ནས་གཏོང་མི་རུང་། 
         《ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཁྲོད་དུ་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལྟར་ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཆེད་དོན་ཐོག་གི་གསུང་བཤད 》 (2015ལོའི་ཟླ2ཚེས2ཉིན།)
      ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་དང་པོ་ནི་གུང་ཁྲན་ཏང་ཡོན་ཡིན་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་།  དུས་དང་རྣམ་པ་ཀུན་ཏུ་ཏང་དང་བློ་གཅིག་སེམས་གཅིག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་པ་དང་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་ལ་སེམས་ཁྲལ་བྱེད་པ། ཏང་ལ་འགན་འཁྲི་འཁུར་བ། ཏང་ལ་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ་ཏང་གིས་སྤྲད་པའི་འགན་འཁྲི་དང་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱེད་དགོས། 
        《བློ་མཐུན་ཀྲུའུ་ཏེ་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་དང་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད། 》(2016ལོའི་ཟླ11ཚེས29ཉིན།)  མི་དམངས་དཔེ་སྐྲུན་ཁང་གི་དེབ་རྐྱང་མ། ཤོག་ངོས8པ། 
      འགོ་ཁྲིད་ལས་བྱེད་པས་ལྷག་བསམ་རྣམ་དག་དང་།  སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱེད་དགོས་པ་དང་། ལྷག་བསམ་རྣམ་དག་ནི་ཐོག་མཐའ་བར་གསུམ་དུ་ཨང་དང་པོ་ཡིན། ཏང་ལ་བློ་དཀར་བྱེད་དགོས་ན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།  “ཡིད་རྟོན་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཁག་ཐེག་ཐུབ་པ་བཅས་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན།  ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་རང་ཚུགས་བརྟན་པོ་དང་བློས་འགེལ་ཆོག་པ་ཞིག་ཡིན་དགོས། རྒྱུན་དུ་ཏང་གི་སྒྲིག་ཡིག་དང་།  ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་བསྡུར་བ་དང་། རང་ཉིད་ཀྱི་ཕུགས་བསམ་དད་སེམས་དང་བསམ་བློའི་གཏམ་སྤྱོད་ལ་ཞིབ་ལྟ་བྱས་ཏེ། བསམ་བློའི་ཐོག་གི་ཐལ་རྡུལ་རྒྱུན་ཆད་མེད་པར་གཙང་སེལ་དང་།  ཆབ་སྲིད་ཀྱི་རང་མདངས་ཆགས་པར་བྱེད་དགོས། 
《རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་དད་སེམས་བརྟན་པོ་དང་།  ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ། འཇོན་ཐང་ཆེ་བ།  སྤྱོད་ཚུལ་བཟང་བ་བཅས་བྱེད་དགོས》 (2019ལོའི་ཟླ3ཚེས1ཉིན།)
      ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པའི་རྩ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བར་བརྟེན་ནས་མི་དམངས་ཀྱི་དངོས་པོ་དང་བསམ་པའི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ང་ཚོའི་ལས་ཀ་ཐམས་ཅད་ཀྱི་ཕན་འབྲས་ལ་ཞིབ་དཔྱད་བྱས་ན།  མཇུག་མཐར་མི་དམངས་ལ་ཕན་ཐོགས་མིན་དང་། མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱུང་མིན་ལ་བལྟ་དགོས།  དེ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བའི་འགན་ལེན་གལ་ཆེན་ཡིན། 
         《ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པར་ཕྱོགས་དྲུག་གི་ལས་དོན་དམིགས་སུ་བཀར་ནས་དམ་འཛིན་ལེགས་པོ་བྱ་དགོས། 》(2012ལོའི་ཟླ་11ཚེས15ཉིན།)《བདེན་འཚོལ》དུས་དེབ2013ལོའི་དེབ་དང་པོ། 
      ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན། མི་དམངས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བའི་རྩ་བའི་སྟོབས་ཤུགས་དང་། ང་ཚོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་ཡིན་པ་མ་ཟད།། ང་ཚོའི་ཏང་སྟོབས་ལྡན་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་རྩ་བ་ཡིན།  ང་ཚོའི་ཏང་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་།  མི་དམངས་ཀྱི་ཆེད་དུ་དར་རྒྱས་ཡོང་བ་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་བརྩོན་བྱ་དགོས། གུང་ཁྲན་ཏང་ཡོན་ཚང་མས་ཤེས་དགོས་པ་ཞིག་ནི། ཏང་ལ་མི་དམངས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་མེད་པ་དང་། ཏང་གི་ལས་དོན་མཐའ་དག་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱེད་པའི་ཆེད་དུ་ཡིན་པ་དང་། མི་དམངས་ནི་ལོ་རྒྱུས་ཀྱི་དཔའ་བོ་ཡིན་པ་དང་། ངེས་པར་དུ་མི་དམངས་ལ་ཡིད་ཆེས་དང་མི་དམངས་ལ་བསྟེན་དགོས། ང་ཚོ་ནམ་ཡང་ངལ་རྩོལ་མི་དམངས་ཀྱི་ཁོངས་མི་དཀྱུས་མ་ཞིག་ཡིན་པས། ངེས་པར་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས། 
          མིག་སྔར་ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱིས་དོན་དངོས་ལ་མི་བསྟུན་པ་དང་སེམས་ཤུགས་ཡོད་རྒུ་མི་བཏོན་པར་མང་ཚོགས་དང་རྒྱང་བཀྱེད་བཞིན་འདུག  ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ཀྱིས་ཏང་གི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བར་མུ་མཐུད་དུ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་དེ་བསམ་བློའི་ནང་བརྟན་པོར་འཛུགས་པ་དང་། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་གང་ལེགས་བྱེད་པ། མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་དང་ཡིད་རྟོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གིས་ཡུན་རིང་སྲིད་སྐྱོང་བར་ཆེས་བློས་འཁེལ་གྲལ་རིམ་གྱི་རྨང་གཞི་ཡིན་པས་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། 
          《“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོའི་ལས་དོན་གྲོས་ཚོགས་ཐོག་གི་གཏམ་བཤད། 》(2019ལོའི་ཟླ5ཚེས31ཉིན།  མི་དམངས་དཔེ་སྐྲུན་ཁང་གི་དེབ་རྐྱང་པ། ཤོག་ངོས4པ། 
       དོན་གཉེར་གྱིས་རྒྱལ་ཁབ་དར། སྟོང་གཏམ་གྱིས་རྒྱལ་ཁབ་ཕུང་། གནས་ལུགས་འདི་ང་ཚོས་སེམས་ལ་བརྟན་པོར་འཛིན་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དམངས་དོན་་གཉེར་བ་དང་སྤྱོད་གཙང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྐད་ཆ་དྲང་པོ་བཤད་པ་དང་། བྱ་བ་དངོས་སྒྲུབ་པ། བྱ་བ་བསྒྲུབ་ཕོད་པ།  གང་བཤད་དེ་བསྒྲུབ་ཐུབ་པ། གང་བྱས་མཐའ་འཁྱོལ་ཐུབ་པ་བཅས་བྱ་དགོས། 
《ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གི་གཏམ་བཤད》
(2012ལོའི་ཟླ12ཚེས15ཉིན )
        ཀྲུང་དབྱང་གིས་སྤྱོད་ཚུལ་ལེགས་བསྒྱུར་བྱས་ནས་ཏང་ལེགས་སྐྱོང་བྱེད་པར་དམ་འཛིན་བྱ་དགོས་དོན་ནི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས་སོགས་ཀྱི་གནད་དོན་ཏང་ནང་ཁུལ་དུ་གནས་པའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཆེད་ཡིན།  ཀྲུང་ལུགས་གསོ་རིག་གི་ཐོག་ནས་བཤད་ན།དེ་ནི“མཆིན་རླུང་ནང་འཁྲུགས་”དང་“ཁྲག་ཉམས་རླུང་འཕེལ”ཞེས་པ་ཡིན།  སྤྱོད་ཚུལ་གྱི་གནད་དོན་ཁ་ཤས་ཕར་བལྟས་ན་གནད་དོན་ཆེན་པོ་མིན་པ་ལྟར་སྣང་ཡང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པ་ལ་སྣང་མེད་ཟོལ་འཇོག་བྱེད་མི་རུང་།  “སྲ་ཞིང་མཁྲེགས་པའི་ཆུ་རགས་དེ།  གྲོག་མའི་ཚང་གིས་གཏོར་བ་དང་། ཁྲེ་ཙེ་བརྒྱ་ཡི་ཁང་བ་དེ། གས་སྲུབས་བར་གྱི་དུ་བས་བསྲེགས་ ” པའི་དཔེ་བཞིན།སྤྱོད་ཚུལ་གནད་དོན་གྱི་འགྱུར་མེད་རང་བཞིན་དང་བསྐྱར་ཟློས་རང་བཞིན་ལ་ང་ཚོས་ཚོད་དཔག་གང་ལེགས་བྱས་ཏེ།  རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་བསྒྱུར་བྱེད་པའི་ལས་ཀ་ཁག་ཡག་པོར་འཛིན་དགོས་པ་དང་།  བླང་བྱ་དེ་བྱ་བ་རེ་རེའི་གོ་རིམ་ཁྲོད་དུ་དོན་འཁྱོལ་བྱེད་དགོས་ཤིང་།  སྤྱོད་གོ་ཆོད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་གཏོང་དགོས་ཤིང་།   རང་རྟོགས་ཀྱིས་མང་ཚོགས་ཀྱི་དཔྱད་གླེང་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། 
    《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གི་གསུང་བཤད》 (གནད་བསྡུས།)(2013ལོའི་ཟླ2ཚེས28ཉིན། )
      ཀུན་སྤྱོད་ཀྱི་གནད་དོན་ནི་རྩ་བའི་ཆ་ནས་ཏང་གཤིས་ཀྱི་གནད་དོན་ཡིན།  སྤྱོད་ཚུལ་ལས་མཚོན་པ་ནི་གཟུགས་བརྙན་དང་བྱང་ཚད་ཡིན་ལ། ཤུགས་ནས་མཚོན་པ་ནི་ཏང་གཤིས་ཡིན་པས། ཡོད་ཚད་ལ་ཐག་གཅོད་ཀྱི་ནུས་པ་ཐོན་མཁན་ཡང་ཏང་གཤིས་ཡིན། ང་ཚོས་སྤྱོད་ཚུལ་ལེགས་འགྱུར་བྱེད་པར་སྟབས་བདེའི་ངང་དོན་དེ་རང་ལ་དམིགས་ནས་བཤད་པ་དང་། མིག་མདུན་དུ་གནས་པའི་སྤྱོད་ཚུལ་གྱི་གནད་དོན་དེ་ཁྱོན་ཡོངས་ནས་ཐག་གཅོད་བྱས་ན་འགྲིག་སྙམ་མི་རུང་བར་མཐའ་གཅིག་ཏུ་སྤྱོད་ཚུལ་ལ་བརྟེན་ནས་ཏང་གཤིས་ལ་བལྟ་བ་དང་།  སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་ཐོག་ཏང་གཤིས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས། འདི་ནི་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། 
《འགོ་ཁྲིད་ལས་བྱེད་པས་ཡིད་རྟོན་ལ་དང་དོད་དང་། སྒྲིག་ལམ་ཤེས་པ། སྒྲིག་ཁྲིམས་སྲུང་བ་བཅས་བྱེད་པ》(2013ལོའི་ཟླ8ཚེས31ཉིན། )
      ད་ལྟ་ནི་ཤེས་རིག་འགྲན་རྩོད་བྱེད་པའི་དུས་རབས་ཡིན་པས།  ཤེས་བྱའི་འཕེལ་ཚད་ཧ་ཅང་མགྱོགས་ཤིང་། སློབ་སྦྱོང་ཅུང་ལྷོད་དུ་བཏང་ན་རྗེས་ལུས་ཐེབས་སྲིད། དུས་ཚོད་ཀྱིས་རང་ལ་མི་སྒུག་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་རྨང་གཞི་སྲ་བརྟན་དང་ཚན་རིག་གི་ཤེས་བྱ་ཕུན་སུམ་ཚོགས་པར་བྱས་ན། གཞི་ནས་ཕྲག་ཏུ་འཁུར་བའི་འགན་འཁྲི་འཁུར་ཐུབ་པ་དང་། གཞི་ནས་ལས་དོན་ཡག་པོ་བསྒྲུབ་ཐུབ། “སློབ་སྦྱོང་བྱས་ཀྱང་བསམ་བློ་མ་བཏང་ན་རྨོངས་པར་འགྱུར།  བསམ་བློ་བཏང་ནས་མ་བསླབ་ན་རྨོངས་པར་འགྱུར། ” འགོ་ཁྲིད་ལས་བྱེད་པས་དགོས་མེད་ཀྱི་བྱ་བ་ཉུང་དུ་གཏོང་དགོས་པ་དང་།  དགོས་མེད་ཀྱི་བྱ་འགུལ་ཁྲོད་ཞུགས་རྒྱུ་ཉུང་དུ་གཏོང་དགོས །   གང་ཐུབ་ཀྱིས་དུས་ཚོད་བེད་སྤྱད་ནས་དཔེ་ཀློག་དང་བསམ་གཞིགས་བྱེད་དགོས་ཤིང་། ལུའུ་ཞུན་ལྟར་གཞན་གྱི་ཁ་ཧྥེ་འཐུང་བའི་དུས་ཚོད་སྤྱད་དེ་སློབ་སྦྱོང་དང་བསམ་བློ་གཏོང་དགོས། 
《ཀོང་ཏུང་དུ་ལས་ཀར་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད། 》(2012ལོའི་ཟླ12ཚེས7ཉིན་གྱི་ཚེས11ཉིན)
ལས་བྱེད་པ་སློབ་སྦྱོང་ལ་བརྩོན་ཞིང་བསམ་གཞིགས་ལ་མཁས་དགོས་ཤིང་། མར་ཁེ་སི་རིང་ལུགས་ཀྱི་མ་ལག་ཏུ་གྱུར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ། འཐབ་ཇུས་ཀྱི་བསམ་གཞིགས་དང་། གསར་གཏོད་ཀྱི་བསམ་གཞིགས། རྩོད་སྒྲུབ་ཀྱི་བསམ་གཞིགས། མ་མཐའི་བསམ་གཞིགས་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། དུས་བབ་ལ་བརྡར་ཤ་ཡང་དག་གཅོད་པ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བ་བཅས་བྱེད་དགོས། 
        《ཏང་དང་མི་དམངས་ལ་མཁོ་བའི་ལས་བྱེད་པ་བཟང་པོ་གསོ་སྐྱོང་དང་འདེམས་སྒྲུག་གང་ཐུབ་བྱ་དགོས། 》།   (2013ལོའི་ཟླ6ཚེས28ཉིན།  《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ ། 》 ཕྱི་ཡིག་དཔེ་སྐྲུན་ཁང་གི2018ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས417བ། 
      བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ལས་དོན་ཁག་ལེགས་པར་བསྒྲུབ་པའི་གཞི་རྩའི་ནུས་རྩལ་ཡིན།  གནས་ཚུལ་ངོ་མ་མི་ཤེས་པར་རང་འདོད་ལྟར་ཐག་གཅོད་བྱས་ན་ལས་དོན་ཡག་པོ་བསྒྲུབ་མི་ཐུབ།  ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་དང་གཏིང་ཟབ་བྱས་ནས་འགལ་བ་དང་དཀའ་ངལ་མཐིལ་རྟོགས་དང་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། ཞིབ་འཇུག་གི་ཁྲོད་ཕྱི་ཚུལ་རིང་ལུགས་སྤངས་དགོས་བ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་མི་དམངས་དགེ་རྒན་དུ་བསྟེན་པ་དང་མི་དམངས་ལ་སློབ་སྦྱོང་བྱ་དགོས། དཔོན་ཉམས་སྤངས་ནས་མང་ཚོགས་ཀྱི་བསམ་འཆར་མང་བའི་ས་ཆར་བསྐྱོད་པ་དང་། ལས་ཀ་ཅུང་མང་བ་དང་། གནས་ཚུལ་རྙོག་འཛིང་ཆེ་བ།  རྣོ་ངར་ཆེ་བ་བཅས་ཀྱི་ས་ཆར་བསྐྱོད་དེ་གནས་ཚུལ་དངོས་རྟོག་ཞིབ་དང་། བྱ་བ་དངོས་སྒྲུབ་པ།  ཕན་འབྲས་དངོས་གཉེར་བ་བཅས་ཀྱི་ཐད་ལ་འབད་བརྩོན་བྱ་དགོས། 
        《ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་རླབས་ཆེན་སྒྲིག་བཀོད་གསར་པ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་དགོས》(2018ལོའི་ཟླ1ཚེས5ཉིན)
      དུས་རབས་ཀྱི་རླབས་རྒྱུན་རྔམ་བརྗིད་ལྡན་པ་དང་། མི་དམངས་མང་ཚོགས་ཀྱིས་འཚོ་བ་སྔར་བས་ཡག་པོ་སྐྱེལ་ཐུབ་པའི་རེ་འདུན་ནན་པོའི་མདུན་དུ།  ང་ཚོས་ཁེངས་དྲེགས་སྤུ་ཙམ་ཡང་བྱེད་མི་རུང་བ་དང་།  སྒྱིད་ལུག་སྤུ་ཙམ་ཡང་བྱེད་མི་རུང་བར་ངེས་པར་དུ་ཞུམ་མེད་མདུན་བསྐྱོད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མུ་མཐུད་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 
        《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གི་གསུང་བཤད།》(2013ལོའི་ཟླ་3ཚེས17ཉིན།)《ཞི་ཅིན་ཕིན་གྱིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ།》ཕྱི་ཡིག་དཔེ་སྐྲུན་ཁང་གི་2018ལོའི་རྒྱ་ཡིག་པར་གཞིའི་ཤོག་ངོས་39པ། 
      ཡུན་རིང་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།  དུས་རབས་གསར་པར་རྣམ་པ་གསར་པ་ཡོད་དགོས་ལ་བྱས་རྗེས་གསར་པ་དེ་བས་ཀྱང་འཇོག་དགོས།  ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་ནས་ཐེངས་རྗེས་མའི་ཚོགས་ཆེན་ཐེངས་ཉི་ཤུ་བའི་བར་གྱི་ལོ་ལྔ་བོ་དེ“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་ལོ་བརྒྱ་དང་པོའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་འགོ་འཛུགས་རྒྱུ་རེད། དེའི་ནང་གི་དུས་ཚིགས་གལ་ཆེན་དེ་དག་ནི་ང་ཚོའི་ལས་ཀའི་གནས་ཚད་ཡིན། 
    《དུས་རབས་གསར་པར་རྣམ་པ་གསར་པ་ལྡན་དགོས་ལ་དེ་བས་བྱས་རྗེས་གསར་པ་འཇོག་དགོས》  (2017ལོའི་ཟླ10ཚེས25ཉིན། )
      དུས་རབས་གསར་བ་ནི་འབད་བརྩོན་བྱེད་མཁན་གྱི་དུས་རབས་ཡིན།  ང་ཚོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་བཞིན་པ་ང་ཚོསསེམས་སུ་བཟུང་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་དང་མི་དམངས་དང་མཉམ་དུ་འབད་འཐབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དེ་རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་འཛུགས་སྐྲུན ། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་ཏན་ཏིག་བྱས་ཏེ་མཐུན་སྒྲིལ་འབད་བརྩོན་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། 
       《2008ལོའི་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཚོགས་འདུའི་ཐོག་གི་གསུང་བཤད། 》(2012ལོའི་ཟླ་2ཚེས14ཉིན། )《མི་དམངས་ཉིན་རེའི་ཚགས་པར། 》2018ལོའི་ཟླ2ཚེས15ཉིན། 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群 英文赚钱怎么翻译成英语 18年看新闻赚钱软件 手机下载东西就赚钱是真的吗 毕业生什么工作赚钱 怎么利用淘宝平台赚钱 苹果赚钱app教程 炒股赚钱心得体会 董欣纯天然护肤品怎样赚钱 毒品真的那么赚钱吗 安溪拉什么水果赚钱 卡贩子收京东卡怎么赚钱 刺客信条5赚钱攻略 开个什么门头赚钱 被制裁在怎么赚钱 上传片子能赚钱的网站 财付通云币怎么赚钱