今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱི་རོང་འབྲོག་སྡེའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་ཀྱི་ཤེས་བྱ་ཁག་གཉིས་པ།

རྩ་འཛུགས་འཛུགས་སྐྲུན་གྱི་ཚད་གཞི།
༡༦ ཏང་ཀྲི་པུའུ་ཡི་འགན་འཁྲི་ནི་གང་ཡིན།
ལན།ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཐད་ཀར་དུ་ཏང་ཡོན་ལ་སློབ་གསོ་བྱེད་པ་དང་དོ་དམ་བྱེད་པའི་འགན་ཁུར་ཡོད་པ་མ་ཟད། ཏང་ཡོན་ལ་ལྟ་སྐུལ་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱེད་པ། མང་ཚོགས་ལ་དྲིལ་སྒྲོག་བྱེད་པ། མང་ཚོགས་ཆིག་སྒྲིལ་བྱེད་པ། མང་ཚོགས་ལ་ཞབས་ཞུ་བྱེད་པ་བཅས་ཀྱི་འགན་འཁྲི་ཡོད།
༡༧ ཅི་ཞིག་ནི་ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ཡིན།
ལན།ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲི་པུའུ་འགོ་ཁྲིད་ཚན་ཁག་ཡིན་ལ།ཀྲི་པུའུ་ཏང་ཡོན་གྲོས་ཚོགས་མཇུག་སྒྲིལ་སྐབས། འགོ་ཁྲིད་ཀྱི་འགན་འཁུར་བ་དང་ཏང་ཀྲི་པུའུ་ཡི་རྒྱུན་ལྡན་བྱ་བ་ཐག་གཅོད་བྱེད་བཞིན་ཡོད།
༡༨ ཅི་ཞིག་ནི་ཏང་གི་ཚན་ཆུང་ཡིན།
ལན།ཏང་གི་ཚན་ཆུང་ནི་ཏང་གི་རིམ་པ་དང་པོའི་ཏང་རྩ་འཛུགས་དེ་མ་ཡིན་པར།ཏང་ཀྲི་པུའུ་ཡི་འགོ་ཁྲིད་འོག་ཏུ་ཏང་ཡོན་ལ་དོ་དམ་བྱེད་དེ་སློབ་སྦྱོང་དང་བྱེད་སྒོ་སྤེལ་བར་སྟབས་བདེ་ཡོང་ཆེད་བཙུགས་པའི་ཚན་ཆུང་ཞིག་ཡིན།
༡༩ ཏང་ཀྲི་པུའུ་ཡི་གཞི་རྩའི་འགན་ཁུར་གཙོ་བོར་ཕྱོགས་གང་དག་ཡོད།
ལན། (༡) ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་ལག་བསྟར་བྱེད་དགོས་པ། (༢) ཏང་ཡོན་རྩ་འཛུགས་བྱེད་ནས་ཏང་གི་གཞི་རྩའི་ཤེས་བྱ་དང་ལས་རིགས་ཤེས་བྱར་སློབ་སྦྱོང་བྱེད་པ།(༣)ཏང་ཡོན་ལ་སློབ་གསོ་དང་དོ་དམ། ལྟ་སྐུལ་དང་ཞབས་ཞུ་བཅས་བྱེད་པ། (༤) མང་ཚོགས་ལ་འབྲེལ་བ་དམ་པོ་འཛུགས་པ། (༥) ཏང་ཡོན་ལ་སྐུལ་ལྕག་བྱེད་ནས་ནུས་པ་འདོན་སྤེལ་དང་ཤེས་ཡོན་གྱི་ལག་རྗེས་འཇོག་པ།(༦)ཏང་ཡོན་འཕེལ་རྒྱས་ཀྱི་བྱ་བ་ལེགས་པོར་བསྒྲུབས་པ།(༧) ཏང་ཡོན་ལས་བྱེད་པས་གཟབ་ནན་གྱིས་རྒྱལ་ཁྲིམས་ཁྲིམས་སྲོལ་སྲུང་བར་ལྟ་སྐུལ་བྱེད་པ། (༨) ཏང་ཡོན་དང་མང་ཚོགས་ལ་སློབ་གསོ་བཏང་སྟེ་རང་རྟོགས་ཀྱིས་ཚུལ་མིན་བྱ་སྤྱོད་བཀག་འགོག་བྱེད་པ།
༢༠ ཏང་ཀྲི་པུའུ་ཡི་གཞི་རྩའི་འགན་འཁྲི་ནི་གང་ཡིན།
ལན།ཏང་ཀྲི་པུའུ་ལ་ཐད་ཀར་དུ་ཏང་ཡོན་ལ་སློབ་གསོ་བྱེད་པ་དང་།ཏང་ཡོན་ལ་དོ་དམ་བྱེད་པ།ཏང་ཡོན་ལ་ལྟ་སྐུལ་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱེད་པ།མང་ཚོགས་ལ་དྲིལ་སྒྲོག་བྱེད་པ།མང་ཚོགས་ཆིག་སྒྲིལ་བྱེད་པ།མང་ཚོགས་ལ་ཞབས་ཞུ་བྱེད་པ་བཅས་ཀྱི་འགན་འཁྲི་ཡོད།
༢༡ ཀྲི་པུའུ་ཧྲུའུ་ཅིར་བྱ་བའི་འགན་འཁུར་གཙོ་བོ་གང་དག་ཡོད།
ལན།(༡)ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་ཚོགས་ཆེན་བསྡུ་འཚོགས་བྱེད་པའི་འགན་འཁུར་ཡོད་ལ།རང་སྡེ་བའི་གནས་ཚུལ་དངོས་ལ་གཞིགས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། གོང་རིམ་གྱི་གྲོས་ཆོད། བཀའ་སློབ་བཅས་བརྒྱུད་སྒྲོག་དང་ལག་ལེན་མཐར་ཕྱིན་བྱེད་དེ་བྱ་བ་སོ་སོའི་འགན་འཁུར་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་དགོས། (༢) ཀྲི་པུའུ་ཡི་བྱ་བའི་འཆར་གཞི་གཏན་འབེབས་དང་རྩ་འཛུགས་ལག་བསྟར་བྱེད་པ། (༣) གཞི་རིམ་ཞབས་ཞུའི་རང་བཞིན་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ།ཞབས་ཞུ་དང་ ནུས་པ་འདོན་སྤེལ་བྱེད་ཡུལ་ཡང་དག་པར་བཙལ་ཏེ་ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། ཏང་ཡོན་དང་མང་ཚོགས་ཀྱི་བསམ་བློ།བྱ་བ།སློབ་སྦྱོང་དང་འཚོ་བ་བཅས་ལ་སེམས་ཁུར་བྱེད་དེ་ཁོ་ཚོར་དངོས་ཡོད་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་།ཐག་གཅོད་བྱ་མི་ཐུབ་པའི་གནད་དོན་དག་དུས་ཐོག་ཏུ་གོང་རིམ་གྱི་ཏང་རྩ་འཛུགས་སམ་འབྲེལ་ཡོད་འགོ་ཁྲིད་ཁག་ལ་སྙན་ཞུ་ཕུལ་ནས་བསམ་འཆར་དང་གྲོས་གཞི་འདོན་དུ་འཇུག་དགོས། (༤) ཀྲི་པུའུ་ཨུ་ཡོན་ལྷན་ཁང་རང་སྟེང་གི་འཛུགས་སྐྲུན་དམ་འཛིན་བྱེད་ནས།ཏང་གི་རྩ་འཛུགས་འཚོ་བར་གཟབ་ནན་བྱེད་པ།དུས་ལྟར་ཀྲི་པུའུ་རྩ་འཛུགས་འཚོ་བའི་གྲོས་ཚོགས་འཚོགས་ཏེ་ནན་ཏན་གྱིས་སྐྱོན་བརྗོད་དང་རང་ཉིད་སྐྱོན་བརྗོད་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་།ཏང་ཀྲི་པུའུ་ཡི་རྩ་འཛུགས་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། (༥)ཏང་ཡོན་གྱི་སློབ་གསོའི་དོ་དམ་བྱ་བ་ལེགས་པོར་བསྒྲུབ་པ་དང་།ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན།གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་བྱེད་དགོས།ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་གསོ་སྐྱོང་དང་སློབ་གསོ།ལྟ་ཞིབ་བཅས་ཀྱི་བྱ་བར་ཤུགས་སྣོན་བྱེད་ནས།རྒྱུན་ལྡན་རང་བཞིན་གྱི་ཏང་ཡོན་བྱ་བ་འཕེལ་རྒྱས་གཏོང་བ་ལེགས་པོར་བསྒྲུབ་དགོས།(༦)ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཞན་པའི་བར་བསམ་བློ་དང་བྱ་བའི་གནས་ཚུལ་ནམ་རྒྱུན་བརྗེ་རེས་བྱེད་པ་དང་།ཁོ་ཚོའི་ཐུན་མོང་གི་ཐག་གཅོད་དང་ལས་བགོས་ལ་རྒྱབ་སྐྱོར་གྱིས་དོན་དངོས་ནས་རང་ཉིད་ཀྱི་འགན་འཁྲི་ལེགས་པོར་བསྒྲུབ་དགོས།(༧)ཚན་རིག་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར། ཏང་ཡོན་མང་ཚོགས་ལ་སྣེ་ཁྲིད་སྒོས“ཐོན་ལས་དར་རྒྱས་དང་སྐྱེ་ཁམས་གནས་འཚམ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར”བཅས་ཀྱི་རེ་འདུན་ལྟར། ཞིང་སྟོབས་དང་ཞིང་སྐྱོར། ཞིང་ཕན།ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་རིགས་སོ་སོ་ལག་བསྟར་བྱེད་ནས།མང་ཚོགས་ལ་སྣེ་ཁྲིད་ཀྱིས་ཕྱུག་འགྱུར་ཡོང་བ་བྱེད་དགོས།(༨)སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་དང་དུས་ཐོག་ཏུ་འགལ་བ་འདུམ་འགྲིག་ བྱེད་ནས།སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་སྐུལ་འདེད་གཏོང་དགོས།(༩)དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་ནི་ལས་འགན་ཆེན་པོ་ཡིན་པའི་འདུ་ཤེས་འཛུགས་སྐྱོང་བྱེད་ནས།དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཧུར་བརྩོན་གྱིས་འདོན་སྤེལ་བྱེད་པ་དང་དུས་ལྟར་དབུལ་བོའི་ཞྭ་མོ་ཕུད་ཐུབ་པར་ཁག་ཐེག་བྱེད་དགོས།(༡༠)གོང་རིམ་ཏང་རྩ་འཛུགས་ཀྱིས་སྤྲད་པའི་བྱ་བའི་ལས་འགན་གཞན་དག་ལེགས་འགྲུབ་ཡོང་དགོས།
༢༢ སྡེ་བའི་ཏང་ཀྲི་པུའུ་ཡི་སྐབས་རེའི་འགན་འཛིན་དུས་ཚོད་ལོ་དུ་ཡིན།
ལན། སྡེ་བའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་ནི་རྩ་དོན་གྱི་སྟེང་ནས་སྐབས་རེའི་འགན་འཛིན་དུས་ཚོད་ནི་ལོ༣ཡིན་ལ། འགན་འཛིན་དུས་ཚོད་འདང་ཚེ་གོང་རིམ་ཏང་རྩ་འཛུགས་ཀྱི་གཅིག་གྱུར་བཀོད་སྒྲིག་བཞིན་དུས་ལྟར་འདེམས་བསྐོ་བརྗེ་སྤོར་བྱེད་དགོས།
༢༣ ཅི་ཞིག་ནི་སྡེ་དམངས་ཨུ་ཡོན་ལྷན་ཁང་ཡིན།
ལན།དེ་ནི་རང་ཉིད་དོ་དམ་དང་རང་ཉིད་སློབ་གསོ།རང་ཉིད་ཞབས་ཞུ་བཅས་བྱེད་པའི་གཞི་རིམ་མང་ཚོགས་རང་བཞིན་རང་སྐྱོང་རྩ་འཛུགས་ཤིག་སྟེ། དམངས་གཙོའི་འདེམ་བསྐོ་དང་དམངས་གཙོའི་ཇུས་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ལག་བསྟར་བྱེད་ནས་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་འོག་བྱ་བ་བསྒྲུབ་པ་ཞིག་ཡིན་ལ། ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ།ཨུ་ཡོན་སོགས་ཁྱོན་མི༣---༧གྱིས་གྲུབ་པ་དང་།སྡེ་དམངས་ཨུ་ཡོན་ལྷན་ཁང་ཁྲོད་བུད་མེད་ཚོགས་མི་ཡོད་ཆོག་ལ།མི་རིགས་མང་བའི་སྡེ་དམངས་འདུས་སྡོད་སྡེ་བར་གྲངས་ཉུང་མི་རིགས་ཀྱི་ཁོངས་མི་ཡོད་དགོས།
༢༤ ཅི་ཞིག་ནི་སྡེ་དམངས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་ཡིན།
ལན། དེ་ནི་སྡེ་དམངས་རང་སྐྱོང་ལམ་ལུགས་དང་སྡེ་བ་རིམ་པའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྡེ་དམངས་ཀྱིས་སྡེ་དོན་ལ་ལྟ་སྐུལ་བྱེད་པའི་གལ་ཆེའི་རྣམ་པ་ཞིག་ཡིན།སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དེ་སྡེ་དམངས་གྲོས་ཚོགས་སམ་སྡེ་དམངས་འཐུས་མིའི་ཚོགས་འདུ་བརྒྱུད་སྡེ་དམངས་ཁྲོད་ནས་འདེམ་བསྐོ་བྱས་པ་ཞིག་ཡིན་ལ།སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་དུས་ཚོད་དང་འདྲ་མཚུངས་ཡིན་ཏེ།སྤྱིར་བཏང་དུ་མི༣---༥ཡིས་གྲུབ་པ་དང་། ཀྲུའུ་རེན༡བཀོད་སྒྲིག་བྱེད་ཡོད། གཞན་ཞང་དང་གྲོང་བརྡལ་གྱི་ཏང་ཨུ་དང་སྲིད་གཞུང་། སྒྲིག་ཨུ་བཅས་ཀྱི་མཛུབ་སྟོན་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་རང་རྟོགས་ངང་དང་ལེན་བྱེད་དགོས་ལ།སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་འཐུས་མིའི་གྲོས་ཚོགས་ལ་འགན་འཁུར་དགོས།
༢༥ སྡེ་དམངས་ཚོ་ཆུང་གི་ཚོ་དཔོན་འདེམས་པའི་ཆ་རྐྱེན་ནི་ཅི་ཡིན།
ལན།སྡེ་དམངས་ཚོ་ཆུང་གི་ཚོ་དཔོན་དེ་སྤྱིར་བཏང་དུ་ལོ༡༨སོན་དགོས་ཤིང་།ཆབ་སྲིད་ཀྱི་དབང་ཆ་མ་འཕྲོག་པའི་རང་སྡེའི་སྡེ་དམངས་ཡིན་དགོས་ལ།སྙན་གྲགས་དང་མང་ཚོགས་ཀྱི་རྨང་གཞི་ངེས་ཅན་ཡོད་པ་དང་དོན་སྒྲུབ་དྲང་བདེན་ཡིན་པ། རྩ་འཛུགས་འགོ་ཁྲིད་ཀྱི་ནུས་པ་ངེས་ཅན་ཡོད་པ། སྣེ་ཁྲིད་ཀྱིས་ངལ་རྩོལ་ཕྱུག་འགྱུར་བྱེད་ཐུབ་པ། རང་སྡེའི་སྡེ་དམངས་ལ་ཞབས་ཞུ་བསྒྲུབ་རྒྱུར་དགའ་བོ་ཡོད་པ་བཅས་སོ།།
༢༦ མང་ཚོགས་ཀྱི་ཚོགས་པ་རྩ་འཛུགས་བྱེད་པར་ཕྱོགས་གཙོ་བོ་གང་དག་ཡོད།
ལན།སྡེ་བའི་ཏང་ཀྲི་པུའི་འགོ་ཁྲིད་འོག་གི་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་སྡེ་བའི་ཐོན་ཀྲི་པུའུ་དང་སྡེ་བའི་བུད་མེད་འཐུས་ཚོགས། སྡེ་བའི་བཟོ་ཚོགས་བཅས་སོ།།
༢༧ ཅི་ཞིག་ནི་ཞིང་སྡེའི་“ཕྲེང་འབྲེལ་གསུམ་”གྱི་འཛུགས་སྐྲུན་ཡིན།
ལན། ཏང་རྩ་འཛུགས་དེ་ཐོན་ལས་ཕྲེང་འབྲེལ་ཁྲོད་འཛུགས་པ་དང་། ཏང་ཡོན་ཉིད་ཐོན་ལས་ཕྲེང་འབྲེལ་ཁྲོད་འདུ་བ། ཞིང་བ་ཉིད་ཐོན་ལས་ཕྲེང་འབྲེལ་ཁྲོད་ཕྱུག་འགྱུར་ཡོང་བ་བཅས་སོ།།
༢༨ ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་གཏན་འཁེལ་བྱེད་པའི་ཚད་གཞི་གཙོ་བོ་ནི་གང་དག་ཡིན།
ལན། (༡) འགོ་ཁྲིད་བཀོད་སྒྲིག་བྱེད་པ་དོ་སྙོམས་མིན་པ་དང་ཧྲུའུ་ཅི་དུས་ཡུན་རིང་བོར་ལས་གནས་སུ་མེད་པ། བྱ་བ་འཕེལ་མེད་སོར་གནས་ཀྱི་རྣམ་པར་གནས་པ། (༢) ཏང་ཀྲི་པུའུ་ཧྲུའུ་ཅིས་ལས་ཐོག་འགན་འཁྲི་འཁུར་མི་ཐུབ་པ། བྱ་བ་སྒྲུབ་པ་མི་བཟང་བ། འགོ་ཁྲིད་ཐུན་མོང་གི་འཐབ་འཛིང་ནུས་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་པ། (༣) འགོ་ཁྲིད་ཁག་མི་འཆམ་པར་ནང་ཁུལ་རྙོག་འཛིང་ཅན་དང་བྱ་བ་དུས་ལྟར་བསྒྲུབ་མི་ཐུབ་པ།(༤)རྩ་འཛུགས་ལམ་ལུགས་མིང་ཙམ་དུ་གྱུར་ཅིང་རྩ་འཛུགས་འཚོ་བ་ལག་བསྟར་མི་བྱེད་པ།(༥)སྐབས་བརྗེའི་འདེམས་བསྐོ་འདེམ་འགུག་བྱེད་པའི་གནད་དོན་གནས་པ།(༦)ཆོས་རྒྱུད་ཆོས་ལུགས་དང་ནག་ཚོགས་སྟོབས་ཤུགས་རྐྱེན་ཐེབས་པ།(༧)སྡེ་དོན་ནོར་དོན་སྤྱི་གསལ་དང་དམངས་གཙོའི་དོ་དམ་ཟང་ཟིང་ཅན།(༨)སྤྱི་ཚོགས་བདེ་སྐྱོང་གནད་དོན་དང་ཡིག་བསྐུར་ངོ་གཏུག་གི་ འགལ་བ་གཅིག་ཏུ་འདུས་པ།(༩)སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་མེད་པ།(༡༠)ཏང་ཀྲི་པུའུ་ཡི་ཞབས་ཞུའི་འདུ་ཤེས་ཞན་པ་དང་དབུལ་ཐར་འགག་སྒྲོལ་གྱི་ནུས་ཤུགས་མི་འདང་བ།མང་ཚོགས་ལ་ཞབས་ཞུ་བྱེད་པའི་ནུས་པ་ཞན་པ་མ་ཟད་མང་ཚོགས་ཀྱི་བསམ་འཆར་ཆེ་བ་བཅས་སོ།།
༢༩ “གྲོས་བཞི་སྤྱི་བསྒྲགས་གཉིས”ཀྱི་བྱ་བའི་བྱེད་ཐབས་ནི་གང་ཡིན།
ལན།དེ་ནི“༤+༢”ཀྱི་བྱ་བའི་བྱེད་ཐབས་ཏེ།ཞིང་སྡེའི་སྡེ་བ་རིམ་པའི་གལ་ཆེའི་ལས་དོན་ཡོད་ཚད་ངེས་པར་ཞིང་སྡེའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་འོག་ཏུ། “གྲོས་བཞི་སྤྱི་བསྒྲགས་གཉིས”ཀྱི་བརྒྱུད་རིམ་ལྟར་ཇུས་གཅོད་ལག་བསྟར་བྱེད་པ་དང་།  “གྲོས་བཞི”ནི་ཀྲི་པུའུ་ཡིས་གྲོས་གཞི་འདོན་པ། “ཨུ་ཡོན་ལྷན་ཁང་གཉིས”ཀྱིས་གྲོས་བྱེད་པ། ཏང་ཡོན་ཚོགས་ཆེན་གྱིས་གྲོས་ཞིབ་བྱེད་པ།སྡེ་དམངས་ཚོགས་ཆེན་ནམ་སྡེ་དམངས་འཐུས་མིའི་གྲོས་ཚོགས་ཀྱིས་གྲོས་ཆོད་བྱེད་པ་དེ་ཡིན། “སྤྱི་བསྒྲགས་གཉིས”ནི་གྲོས་ཆོད་སྤྱི་གསལ་བྱེད་པ་དང་ལག་བསྟར་མཇུག་འབྲས་སྤྱི་གསལ་བྱེད་པ་དེ་ཡིན།
༣༠ “གྲོས་བཞི་སྤྱི་བསྒྲགས་གཉིས”གྱི་བྱ་བའི་ཇུས་གཅོད་ཀྱི་ནང་དོན་དེ་གཙོ་བོ་གང་ལ་སྟོན་པ་ཡིན།
ལན།①སྡེ་བ་རིམ་པའི་རྒྱུན་རིང་གི་འཕེལ་རྒྱས་འཆར་འགོད་དང་ལོའི་བྱ་བའི་འཆར་བཀོད། ②སྡེ་བ་ཐུན་མོང་གིས་ས་ཞིང་འགན་ལེན་དང་བགས་བཅོལ།  ③སྤྱི་ཕན་ལས་དོན་གྱི་གྲོན་དངུལ་གྲབས་གསོག་དང་རྩ་འཛུགས་ཀྱིས་ལག་བསྟར་དང་དོ་དམ། ④ཐུན་མོང་དཔལ་འབྱོར་ལས་གཞི་འཛུགས་གཉེར་བྱེད་པ་དང་འགན་ལེན། སྤྱི་ཕན་ལས་དོན་གྱི་འཛུགས་སྐྲུན་འགན་ལེན། ⑤ཐུན་མོང་རྒྱུ་ནོར་ཉོ་འཛུགས་དང་ཐག་གཅོད། ཐུན་མོང་བོགས་བསྐྱི། ཐུན་མོང་ཁེ་ལས་ ཀྱི་ལམ་ལུགས་བཅོས་བསྒྱུར། ⑥སྡེ་བ་རིམ་པའི་འཛུགས་སྐྲུན་འཆར་འགོད་དང་ས་ཞིང་བསྡུ་སྤྱོད། ཁ་གསབ་བགོ་བཤའ། ཁང་སའི་རེ་ཞུ། ⑦སྤྱི་ཚོགས་བཅོས་སྐྱོང་དང་འཆར་ལྡན་བུ་སྐྱེས། ཞིང་སྡེའི་མ་མཐའི་འགན་སྲུང་། “ལྔ་སྐྱོང་།” ཞིང་སྡེའི་སྨན་བཅོས་མཉམ་ལས་དཔེ་གསར།ཞིང་སྡེའི་རྒན་གསོའི་ཉེན་འགོག་སོགས་ཀྱི་སྲིད་ཇུས་དང་ལམ་ལུགས་ཀྱི་ལག་བསྟར། ⑧གལ་ཆེའི་གནོད་སྐྱོབ་རྒུད་སྐྱོབ་དངོས་པོའི་ཁ་གསབ་སྤྲོད་པ། ⑨ཞིང་བ་མང་ཚོགས་ཀྱི་ཁེ་ཕན་དངོས་དང་འབྲེལ་བའི་གལ་ཆེའི་དོན་ཚན།
༣༡ ཅི་ཞིག་ནི་ཏང་གི་ལས་དོན་སྤྱི་བསྒྲགས་ཡིན།
ལན།ཏང་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་བྱ་འགུལ་ལག་བསྟར་དང་ཏང་གི་འཛུགས་སྐྲུན་དང་འབྲེལ་བའི་ལས་དོན་ལ་ཤུགས་སྣོན་བྱེད་དེ། གཏན་འབེབས་ལྟར་ཏང་ནང་ཁུལ་དང་ཕྱི་རོལ་ནས་སྤྱི་བསྒྲགས་བྱེད་པ་དེ་ཡིན།
༣༢ ཏང་གི་ལས་དོན་སྤྱི་བསྒྲགས་བྱེད་པའི་ནང་དོན་གཙོ་བོ་གང་དག་ཡོད།
ལན། (༡) ཏང་ཀྲུང་དབྱང་དང་གོང་རིམ་ཏང་རྩ་འཛུགས་ཀྱི་ཇུས་ཆོད་སྒྲིག་བཀོད་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་གཟི་བརྗིད་དང་གཅིག་བསྡུས་འགོ་ཁྲིད་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་པའི་གནས་ཚུལ།(༢)འགན་འཛིན་སྐབས་ཀྱི་བྱ་བའི་དམིགས་འབེན་དང་དུས་རིམ་རང་བཞིན་གྱི་བྱ་བའི་སྒྲིག་བཀོད།བྱ་བའི་འགན་འཁུར་གཙོ་བོ་དང་ལག་བསྟར་བྱེད་པའི་གནས་ཚུལ།(༣)བསམ་བློ་ཆབ་སྲིད་ཀྱི་བྱ་བར་ཤུགས་སྣོན་དང་ཏང་ནང་ཁུལ་ནས་སློབ་སྦྱོང་སློབ་གསོ་བྱེད་པ།ཏང་ཡོན་རྩ་འཛུགས་བྱེད་ནས་སློབ་གསོའི་སྦྱོང་བརྡར་བྱེད་པ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་སོགས་ལག་བསྟར་བྱེད་པའི་གནས་ཚུལ། (༤) སྐབས་བརྗེའི་འདེམས་བསྐོ་དང་ཏང་ཀྲི་པུའུ་འཛུགས་གྲུབ་བྱེད་པ།ཏང་ཡོན་འཕེལ་རྒྱས་གཏོང་བ།དམངས་གཙོའི་དཔྱད་ཞིབ་བྱེད་པ། རྩ་འཛུགས་ཀྱི་འཚོ་བའི་གྲོས་ཚོགས་བསྡུ་བ། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་པ། ཏང་དངུལ་བསྡུ་ལེན་དང་བེད་སྤྱོད་དོ་དམ། དེ་མིན་ཏང་ཀྲི་པུའུ་ཡི་རང་སྟེང་གི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ། (༥) “སྲོལ་བཞི”འི་གནད་དོན་སྔོན་འགོག་དང་ཡོ་བསྲང་བྱེད་པ།ཏང་ཡོན་དང་མང་ཚོགས་བར་འབྲེལ་འདྲིས་དང་ ཞབས་ཞུ་བྱེད་པའི་གནས་ཚུལ།(༦) ཏང་ལ་དོ་དམ་བདག་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ལག་བསྟར་བྱེད་ནས་ཏང་སྲོལ་སྤྱོད་བཟང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་དང་སྒྲིག་ལམ་གྱི་ཉེས་ཆད་གཅོད་པའི་གནས་ཚུལ། (༧) སྤྱི་བསྒྲགས་བྱེད་དགོས་པའི་ཏང་གི་ལས་དོན་གཞན།
༣༣ ཏང་གི་ལས་དོན་ཁྲོམ་བསྒྲགས་བྱེད་པའི་གལ་ཆེའི་བརྒྱུད་རིམ་ནི་གང་ཡིན།
ལན།སྤྱིར་བཏང་དུ་གྲོས་འདོན་དང་ཞིབ་བཤེར་གཏན་འབེབས།ཞིབ་བཤེར་ཆོག་མཆན།ལག་བསྟར་བཅས་བརྒྱུད་རིམ་བཞིའི་སྒོ་ནས་སྤྱི་བསྒྲགས་བྱེད་བཞིན་ཡོད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群