今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱི་རོང་འབྲོག་སྡེའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་ཀྱི་ཤེས་བྱ་ཁག་ གསུམ་པ།

རྩ་འཛུགས་འཚོ་བའི་ཚད་གཞི།
༣༤ ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་ནི་གང་ཡིན།
ལན། ཀྲི་པུའུ་ཡི་ཏང་ཡོན་ཚོགས་འདུ། ཀྲི་པུའུ་ཨུ་ཡོན་གྲོས་ཚོགས། ཏང་ཚོ་ཆུང་གི་ཚོགས་འདུ། ཀྲི་པུའུ་ཏང་གི་སློབ་ཁྲིད་བཅས་སོ། །
༣༥ ཀྲི་པུའུ་ཏང་ཡོན་ཚོགས་འདུ་འཚོགས་པའི་དུས་ཚོད་ནི་ནམ་ཞིག་ཡིན།
ལན།ཀྲི་པུའུ་ཏང་ཡོན་ཚོགས་འདུ་ནི་དུས་ཚིགས་རེར་ཆེས་ཉུང་ན་ཐེངས་གཅིག་རེ་འཚོགས་པ་དང་གནས་ཚུལ་གཞིར་བཟུང་ནས་སྐབས་བསྟུན་གྱིས་འཚོགས་ཀྱང་ཆོག
༣༦ ཀྲི་པུའུ་ཏང་ཡོན་ཚོགས་འདུའི་ནང་དོན་ལ་གཙོ་བོ་ཕྱོགས་གང་དག་འདུ།
ལན།༡ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས།དེ་མིན་གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་དང་བཀའ་སློབབརྒྱུད་སྒྲོག་སློབ་སྦྱོང་བྱེད་པ་དང་།ཏང་ཀྲི་པུའི་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ།༢ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ལོ་ཕྱེད་དམ་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུར་ཉན་པ་དང་དཔྱད་བསྡུར་ཞིབ་བཤེར་བྱེད་པ།༣ཏང་ཀྲི་པུའུ་ཡི་གལ་ཆེའི་གནད་དོན་ལ་དཔྱད་བསྡུར་ཐག་གཅོད་བྱེད་པ།དཔེར་ན་ལོ་ཧྲིལ་བོའི་ཀྲི་པུའུ་ཡི་བྱ་བའི་འཆར་གཞིར་དཔྱད་བསྡུར་དང་ཆོག་མཆན་འགོད་པ།ཏང་ཡོན་གསར་བ་དང་གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བར་དཔྱད་བསྡུར་དང་ལེན་བྱེད་པ།ཏང་ཡོན་ལ་བྱ་དགའ་དང་ཆད་གཅོད་བསམ་འཆར་འདོན་པ།འགན་དབང་ཁྱབ་ཁོངས་ནས་ཏང་ཡོན་ལ་གཟེངས་བསྟོད་དང་ཆད་གཅོད་སོགས་གཏན་འབེབས་བྱེད་པ།༤ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་གོང་རིམ་ཏང་གི་འཐུས་མིའི་ཚོགས་ཆེན་དུ་ཞུགས་མཁན་གྱི་འཐུས་མི་འདེམས་བསྐོ་དང་ཚད་གཞི་མ་ལོན་པའི་ཀྲི་པུའུ་ཨུ་ཡོན་བརྗེ་འཐེན་བྱེད་པ།གོང་རིམ་ཏང་གི་འཐུས་མིའི་ཚོགས་ཆེན་དུ་ཞུགས་མཁན་གྱི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་པར་བསམ་འཆར་འདོན་པ་དང་ཏང་ཀྲི་པུའུ་ཨུ་ཡོན་ཁ་སྣོན་དང་ཁ་གསབ་བྱེད་པ།༥ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་ཉན་པ་དང་གཞན་པའི་གནད་དོན་ཆེ་གྲས་ལ་དཔྱད་བསྡུར་གཏན་འབེབས་བྱེད་པ།རང་སྡེ་བ་དང་འབྲེལ་བའི་གལ་ཆེའི་དོན་ཚན་ཁག་ལ་གྲོས་ཞིབ་བྱེད་རྒྱུ།
༣༧ ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུ་བའི་དུས་ཚོད་ནམ་ཞིག་ཡིན།
ལན།ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དེ་ཟླ་བ་རེར་ཐེངས༡རེ་བསྡུ་བ་དང་དགོས་ངེས་ཀྱི་སྐབས་དུས་བསྟུན་གྱིས་བསྡུ་ཆོག
༣༨ ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་ནང་དོན་ལ་གཙོ་བོ་ཕྱོགས་གང་དག་འདུ།
ལན།༡ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་གོང་རིམ་ཏང་རྩ་འཛུགས།རང་སྡེ་བའི་ཏང་ཡོན་ཚོགས་ཆེན་བཅས་ཀྱི་གྲོས་ཆོད་ལག་བསྟར་མཐའ་འཁྱོངས་བྱེད་པ།༢ཀྲི་པུའུ་ཡི་བྱ་བའི་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱེད་པ་དང་།བྱ་བའི་ལས་འགན་ལེགས་འགྲུབ་འབྱུང་བའི་བྱེད་ཐབས་དཔྱད་བསྡུར་གཏན་འབེབས་བྱེད་པ།ཀྲི་པུའུ་ཡི་བྱ་བར་ཞིབ་བཤེར་དང་ཕྱོགས་སྡོམ་བྱེད་པ།༣ཏང་ཀྲི་པུའུ་ཡི་རང་ངོས་ཀྱི་འཛུགས་སྐྲུན་དང་།དེ་མིན་ཏང་ཡོན་དང་སྡེ་བའི་རྩ་འཛུགས་ཀྱི་ལས་བྱེད་པ། སྡེ་གཉེར་ཁེ་ལས་ཀྱི་དོ་དམ་མི་སྣ་བཅས་ལ་སློབ་གསོ་དོ་དམ་ལྟ་སྐུལ་གྱི་བྱ་བ་སྒྲུབ་དགོས་ཤིང་། རང་སྡེ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་གནད་དོན་དང་གནད་འཁེལ་དབུལ་ཐར་སོགས་དུས་རིམ་རང་བཞིན་གྱི་གལ་ཆེའི་བྱ་བའི་འགན་འཁྲིར་ཞིབ་འཇུག་བྱེད་པ།༤ཏང་ཡོན་ཚོགས་ཆེན་དུ་སྤྲད་དེ་གྲོས་ཞིབ་ཆོག་མཆན་ཐོབ་རྗེས་ཀྲི་པུའུ་གོང་རིམ་ཏང་རྩ་འཛུགས་ལ་བྱ་བའི་སྙན་ཞུ་ཕུལ་དགོས།༥ཏང་ཡོན་ལས་བྱེད་པའི་བསམ་པའི་གནས་སྟངས་ལ་དབྱེ་ཞིབ་བྱེད་པ་དང་ཏང་ཡོན་ལས་བྱེད་པའི་བསམ་བློ་ཆབ་སྲིད་བྱ་བའི་བྱེད་ཐབས་གཏན་འབེབས་ལ་ཤུགས་སྣོན་བྱེད་པ།༦ཏང་ཡོན་གསར་བའི་འབྲེལ་ཡོད་བྱ་བ་ཞིབ་འཇུག་བྱེད་པ་དང་གསོ་སྐྱོང་དང་འཕེལ་རྒྱས་སུ་གཏོང་བ།༧བཟོ་ཚོགས་དང་གུང་གཞོན།བུད་མེད་སོགས་མང་ཚོགས་ཀྱི་ཚོགས་པ་རྩ་འཛུགས་བྱ་བར་ཞིབ་འཇུག་རྒྱབ་སྐྱོར་བྱེད་པ། ༨ སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ༩ བྱ་བ་གཞན་དག་ལ་ཞིབ་འཇུག་དཔྱད་བསྡུར་བྱེད་པ།
༣༩ ཏང་ཚན་ཆུང་གི་གྲོས་ཚོགས་འཚོགས་དུས་ནི་ནམ་ཞིག་ཡིན།
ལན། ཏང་ཚན་ཆུང་གི་གྲོས་ཚོགས་དེ་ཟླ་བ་རེར་ཐེངས༡རེ་བསྡུ་བ་དང་དགོས་ངེས་ཀྱི་སྐབས་དུས་བསྟུན་གྱིས་བསྡུས་ཆོག
༤༠ ཏང་ཚན་ཆུང་གི་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཕྱོགས་གང་དག་འདུ།
ལན།༡ཏང་གི་གཞི་རྩའི་ཤེས་བྱ་དང་ཏང་གི་ལམ་ཕྱོགས།བྱེད་ཕྱོགས་དང་སྲིད་ཇུས།གྲོས་ཆོད།དེ་མིན་གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་བཅས་ལ་སློབ་སྦྱོང་བྱེད་དགོས།༢ཀྲི་པུའི་གྲོས་ཆོད་ཀྱི་བྱེ་བྲག་བྱེད་ཐབས་ལ་དཔྱད་བསྡུར་དང་ལག་བསྟར་མཐའ་འཁྱོངས་བྱེད་པ།༣ཏང་ཡོན་གྱི་འོས་འགན་ལག་བསྟར་དང་དབང་ཆ་བེད་སྤྱོད།ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་ཚོགས་ཆེན་གྱི་གྲོས་ཆོད་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར། རེ་འདུན་བཅས་ཡར་ཞུ་བྱེད་པ།༤ཏང་ཡོན་གྱི་བསམ་བློའི་སྙན་ཞུ་དང་བྱ་བའི་གནས་ཚུལ་ལྟར་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ༥ ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་གསོ་སྐྱོང་བྱེད་པའི་སློབ་གསོར་ཞིབ་འཇུག་དང་། ཕུལ་བྱུང་ཏང་ཡོན་འོས་སྦྱོར་སོགས་ཀྱི་འབྲེལ་ཡོད་བྱ་བ། ༦ བྱ་བ་གཞན་པར་ཞིབ་འཇུག་དཔྱད་བསྡུར་བྱེད་པ།
༤༡ ཏང་གི་སློབ་ཁྲིད་བྱེད་པའི་དུས་ཚོད་ཀྱི་བླང་བྱ་དང་རྣམ་པ་ནི་གང་འདྲ་ཞིག་ཡིན།
ལན།༡ཏང་ཀྲི་པུའུ་ཡིས་དུས་ཚིགས་རེར་ཆེས་ཉུང་ན་ཏང་གི་སློབ་ཁྲིད་ཐེངས་གཅིག་བྱེད་དགོས།༢ཀྲི་པུའུ་ཧྲུའུ་ཅི་ཡིས་ལོ་རེར་ཆེས་ཉུང་ན་ཏང་ཀྲི་པུའུ་ནས་སློབ་ཁྲིད་ཐེངས་གཅིག་བྱེད་པ་དང་ཏང་ཡོན་གཞན་པས་ཏང་གི་སློབ་ཁྲིད་བྱེད་པར་སྐུལ་ལྕག་བྱེད་དགོས་ལ།རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སོགས་གདན་འདྲེན་ཞུས་ཏེ་སློབ་ཁྲིད་བྱེད་ཀྱང་ཆོག གཞན་རང་ངོས་ནས་རྩ་འཛུགས་ཀྱིས་བརྙན་གཟུགས་སློབ་ཁྲིད་ལ་ལྟ་བ་དང་ཕུལ་བྱུང་ཏང་ཡོན་གྱི་སྔོན་ཐོན་བྱས་རྗེས་ངོ་སྤྲོད་བྱེད་པ་སོགས་ཀྱི་རྣམ་པས་སྤེལ་ནའང་ཆོག༣ཏང་ཀྲི་པུའུ་ཡིས་རང་སྡེ་བའི་བྱ་བའི་དངོས་ཡོད་དང་གོང་རིམ་ཏང་རྩ་འཛུགས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་ཏང་གི་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་དང་དུས་ཚོད།སློབ་ཁྲིད་བྱེད་མཁན་སོགས་གཏན་འཁེལ་བྱེད་ཆོག་ལ།གོང་རིམ་ཏང་རྩ་འཛུགས་མི་སྣ་མངགས་ཏེ་ཟུར་ཞུགས་བྱེད་པར་རེ་འདུན་ཡང་ཞུ་ཆོག
༤༢ ཅི་ཞིག་ནི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཡིན།
ལན།བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ནི་ཏང་ཡོན་གྱི་སློབ་གསོ་དོ་དམ་དེ་གཞི་རྩའི་ནང་དོན་དུ་བཟུང་ཞིང་།“གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག”ལག་བསྟར་སོགས་ཏང་ནང་གི་ལམ་ལུགས་དེ་གཞི་རྩའི་ལམ་བུར་བྱས་པ་དང་།ཏང་ཡོན་སྔོན་བསྐྱོད་དཔེ་སྟོན་པའི་ནུས་པ་གཞི་རྩའི་དམིགས་འབེན་དུ་འཛིན་རྒྱུ་འདོན་སྤེལ་བྱེད་དེ།ཟླ་རེར་ཆེས་ཉུང་ན་ཉིན་གཅིག་གི་དུས་ཚོད་གདམ་ལ།གོང་རིམ་ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་བླང་བྱ་མཐའ་འཁྱོངས་བྱེད་པ་གཞིར་བཟུང་ནས། བྱེད་སྒོའི་བརྗོད་དོན་ཞིབ་འཇུག་གཏན་འབེབས་བྱེད་པ་དང་ཏང་གི་བྱེད་སྒོ་སྤེལ་བ་དེ་ཡིན།
༤༣ བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་རྣམ་པ་གཙོ་བོ་ཕྱོགས་གང་དག་ཡོད།
ལན། “སློབ་སྦྱོང་གི་ཉིན་མོ་དང་། ལས་དོན་ལ་གྲོས་སྡུར་བྱེད་པའི་ཉིན་མོ། ལེགས་སྐྱེས་འབུལ་བའི་ཉིན་མོ”སོགས་རྣམ་པ་གསུམ་གྱི་སྒོ་ནས་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་བཀོད་སྒྲིག་བྱེད་དགོས།
༤༤ བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ནང་དོན་ལ་གཙོ་བོ་ཕྱོགས་གང་དག་འདུ།
ལན། ཆབ་སྲིད་སློབ་སྦྱོང་དང་ཏང་གཤིས་སློབ་གསོ། དམངས་གཙོའི་གྲོས་མོལ་དང་དམངས་གཙོའི་དཔྱད་མོལ། ལས་གནས་སྟེང་བྱས་རྗེས་འཇོག་ལེགས་སྐྱེས་འབུལ་བའི་དང་ཞབས་ཞུ་བཅས་སོ།།
༤༥ སྡེ་བའི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་གྲོས་ཚོགས་ནི་ནམ་ཞིག་ལ་འཚོགས་བཞིན་ཡོད།
ལན།སྡེ་བའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ལོ་རེར་ཆེས་ཉུང་ན་རྩ་འཛུགས་འཚོ་བའི་གྲོས་ཚོགས་ཐེངས་༡རེ་འཚོགས་དགོས་ཤིང་།སྤྱིར་བཏང་དུས་ཚིགས་བཞི་བ་རུ་བཀོད་སྒྲིག་བྱེད་ལ།བྱ་བའི་དགོས་མཁོ་གཞིར་བཟུང་ནས་སྐབས་བསྟུན་གྱིས་འཚོགས་ཀྱང་ཆོག
༤༦ སྡེ་བའི་ཏང་ཀྲི་པུའུ་ཡིས་སེམས་གཏམ་བཤད་པའི་དམིགས་ཡུལ་གཙོ་བོ་ནི་གང་ཡིན།
ལན། དེའི་དམིགས་ཡུལ་གཙོ་བོ་ནི་བསམ་བློ་བརྗེ་རེས་དང་བསམ་འཆར་བརྗེ་ལེན། འགལ་བ་ཐག་གཅོད། མཐུན་སྒྲིལ་ཡར་ཐོན་བཅས་ཡིན་ལ།ཏང་ནང་ཆབ་སྲིད་འཚོ་བ་གཟབ་ནན་ཅན་དུ་བསྒྱུར་བ་དང་སྤུས་ལེགས་ཅན་གྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་པར་རྨང་གཞི་བརྟན་པོ་ཞིག་འདིང་བ་དེ་ཡིན།
༤༧ སྡེ་བའི་ཏང་ཀྲི་པུའུ་ཡི་སེམས་གཏམ་བཤད་ཡུལ་དང་བྱེད་ཐབས་ལ་ཕྱོགས་གང་དག་ཡོད།
ལན།ཀྲི་པུའུ་ཧྲུའུ་ཅི་དང་ཀྲི་པུའུ་འགོ་ཁྲིད་མི་སྣའི་བར།ཀྲི་པུའུ་ཡི་འགོ་ཁྲིད་མི་སྣ་ཕན་ཚུན་བར།ཀྲི་པུའུ་ཡི་འགོ་ཁྲིད་མི་སྣ་དང་ཏང་ཡོན་བར་བཅས་ལ་ནམ་རྒྱུན་སེམས་གཏམ་བཤད་པ་ཡིན།
༤༨སྡེ་བའི་ཏང་ཀྲི་པུའུ་ཡིས་ངེས་པར་དུ་དུས་ཐོག་ནས་ཏང་ཡོན་ལ་དུས་ཆད་ཁ་བརྡ་བྱེད་དགོས་པའི་གནས་ཚུལ་དྲུག་ནི་གང་ཡིན།
ལན།བྱ་བར་འགྱུར་ལྡོག་འབྱུང་བའི་སྐབས་སུ་ཁ་བརྡ་བྱེད་དགོས་པ་དང་།གཟེངས་བསྟོད་དམ་ཆད་གཅོད་བྱེད་པའི་སྐབས་སུ་ཁ་བརྡ་བྱེད་དགོས།དཀའ་ཁག་ལ་འཕྲད་པའི་སྐབས་སུ་ཁ་བརྡ་བྱེད་དགོས།འགལ་བ་དང་བསམ་འཆར་ཕྱོགས་འགལ་ཡོང་བའི་སྐབས་སུ་ཁ་བརྡ་བྱེད་དགོས།མང་ཚོགས་ཁྲོད་བསམ་འཆར་ཆེ་བའི་སྐབས་སུ་ཁ་བརྡ་བྱེད་དགོས།སྒྲིག་འགལ་ཁྲིམས་འགལ་གྱི་མགོ་འབུར་བ་ཙམ་གྱི་སྐབས་ཁ་བརྡ་བྱེད་དགོས།
༤༩ སེམས་གཏམ་ཁ་བརྡ་བྱེད་པའི་གལ་ཆེའི་ནང་དོན་ལ་ཕྱོགས་གང་དག་འདུ།
ལན།༡སེམས་གཏམ་ཁ་བརྡ་བྱེད་ཡུལ་གྱི་བསམ་བློ་དང་བྱ་བ།སྤྱོད་ལམ།སློབ་སྦྱོང་དང་ཁྱིམ་ཚང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པ།༢སེམས་གཏམ་ཁ་བརྡ་བྱེད་ཡུལ་ལ་མི་འདང་བའི་ཆ་དང་སྐྱོན་ཆ་གསལ་སྟོན་བྱེད་དེ།ལྷག་བསམ་ཟོལ་མེད་ཀྱིས་བསམ་འཆར་འདོན་པ་དང་ལེགས་བཅོས་མཐོར་འདེགས་གཏོང་བར་རོགས་རམ་བྱེད་པ།༣སེམས་གཏམ་ཁ་བརྡ་བྱེད་ཡུལ་ཀྱིས་རང་ཉིད་ལ་བསམ་འཆར་དང་གྲོས་གཞི།རེ་འདུན་ཅི་ཡོད་འདྲི་རྩད་བྱ་རྒྱུ་མ་ཟད།རང་ཉིད་ལ་གནས་པའི་གནད་དོན་འཚོལ་བར་རོགས་རམ་བྱེད་པ་དང་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་བྱེད་པ།༤བསམ་བློ་བརྗེ་རེས་དང་སེམས་གཏམ་ཁ་བརྡ་བྱེད་ཡུལ་གྱི་བསམ་ཚུལ་དངོས་རྒྱུས་ལོན་བྱེད་དེ།བསམ་བློ་ཆབ་སྲིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ།༥སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་བ་ལེགས་པོར་སྤེལ་ནས་ཕན་ཚུན་དབར་གྱི་གོ་ནོར་དང་འཁོན་ འགྲས་མེད་པར་བཟོ་བ། ༦ ངེས་པར་དུ་སེམས་གཏམ་ཁ་བརྡ་བྱེད་དགོས་ངེས་ཀྱི་དོན་ཚན་གཞན་དག
༥༠ ཅི་ཞིག་ནི་སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པ་ཡིན།
ལན།ཏང་ཀྲི་པུའུ་སྡེ་ཚན་དུ་བྱེད་ནས་ཏང་གི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཆ་རྐྱེན།འོས་འགན་དང་ཁེ་དབང་ལྟར།ཏང་ཡོན་གྱི་དྲང་ཕྱོགས་ཀྱི་སློབ་གསོ་དང་རང་གིས་རང་ལ་སློབ་གསོ།ཏང་ཕྱི་ནང་གི་མང་ཚོགས་ཀྱིས་དཔྱད་མོལ་དང་ཏང་ཀྲི་པུའི་དཔྱད་ཞིབ་བརྒྱུད་ནས།ཏང་ཡོན་རེ་རེའི་ལས་དོན་རིགས་སོ་སོའི་ཁྲོད་ཀྱི་མཚོན་ཚུལ་དང་ནུས་པ་འདོན་སྤེལ་བྱེད་ཚུལ་ལ་དོན་དངོས་དང་མཐུན་པའི་དཔྱད་འཇོག་བྱེད་པ་དང་། ཨང་རིམ་གཏན་འཁེལ་བྱེད་པ། ཕུལ་བྱུང་ཏང་ཡོན་ལ་གཟེངས་བསྟོད་བྱེད་པ།བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཚད་གཞི་ལོན་མེད་པའི་ཏང་ཡོན་ལ་རྩ་འཛུགས་ཐག་གཅོད་ཀྱི་བྱ་བ་སྤེལ་བ་བཅས་ཡིན།
༥༡ ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པའི་གལ་ཆེའི་ནང་དོན་ལ་ཕྱོགས་གང་དག་འདུ།
ལན།དཔྱད་མོལ་ནང་དོན་ལ་གཙོ་བོ་ཆབ་སྲིད་ཚད་གཞི་ལོངས་པ་དང་སྒྲིག་ལམ་ལག་བསྟར་བྱེད་པ་ཚད་གཞི་ལོངས་པ། ཀུན་སྤྱོད་ཚད་གཞི་ལོངས་པ། ནུས་པ་འདོན་སྤེལ་བྱེད་པ་ཚད་གཞི་ལོངས་པ་བཅས་སོ།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群