今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱི་རོང་འབྲོག་སྡེའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་ཀྱི་ཤེས་བྱ་ཁག་ལྔ་བ།

ཏང་ཡོན་དཔུང་སྡེ་འཛུགས་སྐྲུན་གྱི་ཚད་གཞི
༦༠ ཏང་ཡོན་བསྡུ་ལེན་བྱེད་པའི་སྤྱིའི་བླང་བྱ་ནི་གང་ཡིན།
ལན། ཁ་གྲངས་ཚོད་འཛིན་དང་སྒྲིག་གཞི་སྤུས་ལེགས་ཅན་དུ་བསྒྱུར་བ། སྤུས་ཚད་མཐོར་འདེགས་གཏོང་བ། ནུས་པ་འདོན་སྤེལ་བྱེད་པ་བཅས་སོ།།
༦༡ ཏང་ཞུགས་རེ་ཞུ་བྱེད་པའི་ཆ་རྐྱེན་ནི་ཅི་ཡིན།
ལན།ལོ་ན་བཅོ་བརྒྱད་སོན་པའི་ཀྲུང་གོའི་བཟོ་བ་དང་ཞིང་བ།དམག་མི།ཤེས་ཡོན་ཅན།སྤྱི་ཚོགས་རིམ་པ་ཁག་གི་སྔོན་ཐོན་པ་གཞན་པ་བཅས་ཀྱིས་ཏང་གི་རྩ་འཛིན་དང་སྒྲིག་ཡིག་ལ་ཁས་ལེན་བྱེད་མཁན་དང་།ཏང་གི་རྩ་འཛུགས་གང་རུང་དུ་ཞུགས་ནས་དེའི་ཁྲོད་ནས་ཧུར་བརྩོན་གྱིས་ལས་དོན་བསྒྲུབ་འདུན་ཡོད་པ་དང་།ཏང་གི་གྲོས་ཆོད་ལག་བསྟར་དང་ཏང་དངུལ་དུས་ལྟར་གོང་སྤྲོད་བཅས་བྱེད་མཁན་གྱིས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པའི་རེ་ཞུ་བྱེད་ཆོག
༦༢ ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་གསོ་སྐྱོང་བྱེད་པའི་ལས་འགན་གཙོ་བོ་ནི་གང་ཡིན།
ལན།(༡)ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་ལ་ཏང་གི་གཞི་རྩའི་ཤེས་བྱ་ངོ་སྤྲོད་བྱེད་པ།(༢)ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་གྱི་ཆབ་སྲིད་ཀྱི་གོ་རྟོགས་དང་ཀུན་སྤྱོད།དངོས་ཡོད་བྱེད་སྟངས་དང་ཁྱིམ་གྱི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱེད་པ་དང་། གསོ་སྐྱོང་སློབ་གསོའི་བྱ་བ་ལེགས་པོར་བསྒྲུབ་ནས་ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ ཅན་གཞུང་དྲང་ཏང་ཞུགས་བྱེད་པར་སྣེ་ཁྲིད་བྱེད་པ།(༣)དུས་ཐོག་ཏུ་ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་རེ་ཆེ་བའི་ཧུར་ བརྩོན་ཅན་གྱི་གནས་ཚུལ་སྙན་ཞུ་བྱེད་པ།(༤)ཏང་ཀྲི་པུའུ་ལ་ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་དེ་འཕེལ་རྒྱས་གཏོང་ཡུལ་བྱེད་ཆོག་པའི་བསམ་འཆར་འདོན་པ།
༦༣ ཏང་ཞུགས་ངོ་སྤྲོད་མཁན་གྱི་འོས་འགན་གཙོ་བོ་ནི་གང་ཡིན།
ལན།(༡)བསྡུ་ལེན་བྱེད་ཡུལ་ལ་ཏང་གི་རྩ་འཛིན་དང་སྒྲིག་ཡིག་འགྲེལ་བཤད་བྱེད་དེ།ཏང་ཡོན་གྱི་ཆ་རྐྱེན་དང་འོས་འགན། ཁེ་དབང་བཅས་གསལ་བཤད་བྱེད་དགོས།(༢) བསྡུ་ལེན་བྱེད་ཡུལ་གྱི་ཏང་ཞུགས་ཀུན་སློང་དང་ཆབ་སྲིད་གོ་རྟོགས། ཀུན་སྤྱོད། བྱ་བའི་བརྒྱུད་རིམ། དངོས་ཡོད་བྱེད་སྟངས་སོགས་ཀྱི་གནས་ཚུལ་ནན་ཏན་གྱིས་རྒྱུས་ལོན་བྱེད་པ། (༣) བསྡུ་ལེན་བྱེད་ཡུལ་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཞུགས་རེ་འདུན་ཡི་གེ》འབྲི་བར་མཛུབ་སྟོན་དང་ནན་ཏན་གྱིས་རང་གི་བསམ་འཆར་འགོད་དགོས།(༤)ཏང་ཀྲི་པུའུ་ཚོགས་ཆེན་ལ་འགན་འཁུར་བའི་སྒོ་ནས་འཕེལ་རྒྱས་གཏོང་ཡུལ་གྱི་གནས་ཚུལ་ངོ་སྤྲོད་བྱེད་དགོས།(༥)བསྡུ་ལེན་བྱེད་ཡུལ་དེ་གྲ་སྒྲིག་ཏང་ཡོན་ལ་ཆོག་མཆན་བཀོད་རྗེས་མུ་མཐུད་སློབ་གསོ་རོགས་རམ་བྱེད་དགོས།
༦༤ཏང་ཀྲི་པུའུ་ཡིས་བསྡུ་ལེན་བྱེད་ཡུལ་ལ་ཆབ་སྲིད་ཀྱི་ཞིབ་བཤེར་བྱེད་པའི་གལ་ཆེའི་ནང་དོན་ལ་ཕྱོགས་གང་དག་ འདུས།
ལན།(༡)ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས་བཅས་ལ་རྣམ་འགྱུར་འཛིན་སྟངས།(༢)ཆབ་སྲིད་ལོ་རྒྱུས་དང་གལ་ཆེའི་ཆབ་སྲིད་འཐབ་རྩོད་ཁྲོད་ཀྱི་བྱེད་སྟངས།(༣)སྒྲིག་ཁྲིམས་བརྩི་སྲུང་དང་སྤྱི་ཚོགས་ཡོངས་ཁྱབ་ཀུན་སྤྱོད་བརྩི་སྲུང་བྱེད་པའི་གནས་ཚུལ། (༤) ཐད་གཏོགས་གཉེན་ཚན་དང་རང་ཉིད་ལ་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་ཚོགས་ འབྲེལ་བའི་གནས་ཚུལ།
༦༥ གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་དུས་ཡུན་ནི་ཅི་ཙམ་ཡིན།
ལན། གྲ་སྒྲིག་ཏང་ཡོན་གྱི་གྲ་སྒྲིག་དུས་ཡུན་ནི་ལོ༡ཡིན་ལ། མུ་མཐུད་དུ་ཉམས་ཞིབ་དང་སློབ་གསོ་བྱེད་དགོས་ཚེ། གྲ་སྒྲིག་གི་དུས་ཡུན་ཐེངས༡ཕྱིར་སྣུར་བྱེད་ཆོག་ལ། ཕྱིར་སྣུར་བྱེད་པའི་གྲ་སྒྲིག་གི་དུས་ཡུན་ལོ་ཕྱེད་ལས་ཉུང་མི་ཆོག་ལ། ཆེས་རིང་ན་ལོ༡ལས་བརྒལ་མི་ཆོག
༦༦ གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བའི་འགྲོ་ལུགས་ནི་ཅི་འདྲ་ཞིག་ཡིན།
ལན།(༡)རང་ངོས་ནས་ཏང་ཀྲི་པུའུ་ལ་དངོས་གཞིར་བསྒྱུར་བའི་ཡིག་ཐོག་སྙན་ཞུ་འབུལ་དགོས་།(༢)ཏང་ཚན་ཆུང་གིས་བསམ་འཆར་འདོན་པ། (༣) ཏང་ཀྲི་པུའུ་ཡིས་ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པ། (༤) ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱེད་པ།(༥)ཀྲི་པུའུ་ཚོགས་ཆེན་གྱིས་དཔྱད་བསྡུར་དང་གྲོས་འཆམ་གནང་ནས་གྲོས་ཆོད་འཇོག་པ། (༦) ཞང་དང་གྲོང་བརྡལ་ཏང་ཨུ་ལ་ཞིབ་བཤེར་ཆོག་མཆན་འགོད་པར་ཞུ་བ། (༧) གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བའི་ཀྲི་པུའུ་ཚོགས་ཆེན་གྱིས་དཔྱད་བསྡུར་བྱེད་པ།ཚོགས་ཞུགས་མི་གྲངས་དང་མོས་མཐུན་བྱེད་མཁན་གྱི་མི་གྲངས་སོགས་ཀྱི་བླང་བྱ་དེ་གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་པའི་ཀྲི་པུའུ་ཚོགས་འདུ་དང་འདྲ་མཚུངས་ཡིན་པ།
༦༧ ཅི་ཞིག་ནི་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་ཡིན།
ལན།ཏང་ཡོན་གྱི་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་ཁོངས་གཏོགས་འབྲེལ་བ་དེ་ཡིན་ལ།དེར་དངོས་གཞིའི་རྩ་འཛུགས་འབྲེལ་བ་དང་གནས་སྐབས་ཀྱི་རྩ་འཛུགས་འབྲེལ་བ་གཉིས་འདུ།
༦༨ ཅི་ཞིག་ནི་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བའི་མཚམས་སྦྱོར་ཡི་གེ་ཡིན།
ལན།ཏང་ཡོན་གྱི་ཆབ་སྲིད་ཐོབ་ཐང་གི་དཔང་ཡིག་སྟེ།ཏང་ཡོན་གྱི་དངོས་གཞིའི་རྩ་འཛུགས་འབྲེལ་བའི་དཔང་ཡིག་ཡིན།དངོས་གཞིའི་རྩ་འཛུགས་འབྲེལ་བ་བརྗེ་སྤོ་དང་དང་ལེན།ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་རྩ་འཛུགས་འབྲེལ་བའི་མཚམས་སྦྱོར་ཡི་གེ་གཞིར་འཛིན་དགོས།
༦༩ ཅི་ཞིག་ནི་ཏང་ཡོན་གྱི་བདེན་དཔང་ཡི་གེ་ཡིན།
ལན།ཏང་ཡོན་གནས་སྐབས་སུ་ཕྱི་རོལ་དུ་སོང་ནས་རྩ་འཛུགས་འཚོ་བར་ཞུགས་པའི་བདེན་དཔང་སྟེ།ཏང་ཡོན་གྱི་གནས་སྐབས་རྩ་འཛུགས་འབྲེལ་བའི་དཔང་ཡིག་ཡིན། གནས་སྐབས་རྩ་འཛུགས་འབྲེལ་བ་བརྗེ་སྤོ་དང་དང་ལེན་བྱེད་པར། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་བདེན་དཔང་ཡི་གེ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགྲོ་སྐྱོད་ཏང་ཡོན་གྱི་བྱ་བྱེད་དཔང་ཡིག་གཞིར་འཛིན་དགོས།
༧༠ ཏང་དངུལ་བསྡུ་ལེན་གྱི་བྱེ་བྲག་གི་བླང་བྱ་གང་ཡིན།
ལན།(༡)ཞིང་བ་ཏང་ཡོན་གྱིས་ཏང་དངུལ་ལ་ཟླ་རེར་སྒོར༠.༢--༡.༠བར་སྤྲོད་དགོས།ལས་ཞུགས་མ་བྱེད་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་ལས་ཤོར་བྱུང་བའི་ཏང་ཡོན།འཆི་གོད་གྱོང་གསབ་དང་རྒུད་སྐྱོབ་ལ་བརྟེན་ནས་འཚོ་བ་རོལ་མཁན་གྱི་ཏང་ཡོན།ས་ཁུལ་དེ་གའི་མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་ལེན་བཞིན་པའི་ཏང་ཡོན་བཅས་ཀྱིས་ཟླ་རེར་ཏང་རིན་སྒོར༠.༢སྤྲོད་དགོས།(༢)གྲ་སྒྲིག་ཏང་ཡོན་གྱིས་ཀྲི་པུའུ་ཏང་ཡོན་ཚོགས་འདུ་ནས་གྲོས་འཆམ་བྱུང་ ཉིན་ནས་ཏང་དངུལ་སྤྲོད་དགོས།(༣)གཏན་འབེབས་ལྟར་ཏང་དངུལ་མི་སྤྲོད་པའི་ཏང་ཡོན་ལ།དེ་གའི་ཏང་ཀྲི་པུའུ་ཡིས་དུས་ཐོག་ཏུ་སྐྱོན་བརྗོད་སློབ་གསོ་བྱེད་པ་དང་དུས་བཅད་ནང་བཅོས་བསྒྱུར་བྱེད་དུ་འཇུག་དགོས།རྒྱུ་མཚན་ཁུངས་བཙན་མེད་པར་བསྟུད་མར་ཟླ༦ལ་ཏང་དངུལ་མ་སྤྲད་པའི་ཏང་ཡོན་དེ་རང་དགར་ཏང་གི་སྐྱིད་སྡུག་དང་བྲལ་བའི་ ཐག་གཅོད་བྱེད་རྒྱུ།(༤)ཏང་དངུལ་དེ་ཏང་ཀྲི་པུའུ་རྩ་འཛུགས་ཨུ་ཡོན་གྱིས་བསྡུ་ལེན་གྱི་འགན་འཁུར་བ་དང་བསྡུ་ལེན་བྱས་པའི་ཏང་དངུལ་དུས་ཐོག་ཏུ་《ཏང་དངུལ་དཔང་ཡིག》སྟེང་ཐོ་འགོད་བྱེད་དགོས་པ་དང་། 《ཏང་དངུལ་
དཔང་ཡིག》 མི་སྒེར་རང་ཉིད་ཀྱིས་བདག་གཉེར་བྱེད་དགོས།
༧༡ ཏང་ཡོན་གྱི་དགུན་ཁའི་གསོ་སྦྱོང་གི་དུས་ཚོད་བཀོད་སྒྲིག་བྱེད་ཚུལ་ཅི་འདྲ་ཞིག་ཡིན།
ལན།རྩ་དོན་གྱི་སྟེང་ནས་ལོ་རེའི་ཟླ༡༢ནས་འགོ་ཚུགས་ཏེ་ཕྱི་ལོའི་ཟླ༢པའི་བར་མཇུག་སྒྲིལ་བཞིན་ཡོད་ལ། གཅིག་བསྡུས་སློབ་སྦྱོང་གི་དུས་ཡུན་ཆུ་ཚོད༢༤ལས་ཉུང་མི་ཆོག
༧༢ ཏང་ཡོན་གྱི་དགུན་ཁའི་གསོ་སྦྱོང་སྐབས་སློབ་སྦྱོང་བྱེད་པའི་ནང་དོན་གཙོ་བོ་གང་དག་ཡིན།
ལན།(༡)ཞིང་སྡེའི་ཏང་ཡོན་རྩ་འཛུགས་བྱས་ཏེ་ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ཁྱོན་ཡོངས་ནས་ཡང་དག་སྒོས་སློབ་སྦྱོང་ནན་ཏན་བྱེད་པ། (༢) ཞིང་སྡེའི་ཏང་ཡོན་རྩ་འཛུགས་བྱེད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་《གནས་བབས་གསར་བའི་འོག་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ》《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ལྟ་སྐུལ་དོ་དམ་སྲོལ་ཡིགསོགས་སྒྲིག་སྲོལ་ལམ་ལུགས་ཁག་ལ་སློབ་སྦྱོང་ནན་ཏན་བྱེད་པ།(༣)ཞིང་སྡེའི་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས།ལྷག་པར་དུ་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དབུལ་ཐར་འགག་སྒྲོལ་དང་ཞིང་སྡེ་དར་རྒྱས་དང་འབྲེལ་བའི་གལ་ཆེའི་སྒྲིག་བཀོད་ལ་སློབ་སྦྱོང་ནན་ཏན་བྱེད་དགོས།ཏང་དང་རྒྱལ་ཁབ་ཀྱི་ཞིང་སྐྱོར་དང་ཞིང་ཕན།ཞིང་སྟོབས་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་སོ་སོར་སློབ་སྦྱོང་ནན་ཏན་བྱེད་ནས་དབུལ་ཐར་འགག་སྒྲོལ་གྱི་ཡིད་ཆེས་བརྟན་པོར་འཛུགས་པ་དང་ཕྱུག་འགྱུར་གྱི་ལམ་བུ་ཡང་དག་འཚོལ་དགོས།མི་རིགས་ས་ཁུལ་གྱི་སྡེ་བའི་ཏང་ཀྲི་པུའུ་ཡིས་ད་དུང་ཏང་ཡོན་རྩ་འཛུགས་བྱས་ནས་ཏང་གི་མི་རིགས་སྲིད་ཇུས་དང་རང་སྐྱོང་སྲོལ་ཡིག་ལ་སློབ་སྦྱོང་ནན་ཏན་བྱེད་པ།(༤)ཞིང་སྡེའི་ཏང་ཡོན་རྩ་འཛུགས་ཀྱིས་དེང་རབས་ཞིང་ལས་འཕེལ་རྒྱས་དང་དབུལ་ཐར་སྲ་བརྟན།སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་ཆེད་ལས་ཤེས་བྱར་སློབ་སྦྱོང་ནན་ཏན་བྱེད་ནས་འདེབས་འཛུགས་དང་གསོ་སྤེལ།ལས་སྣོན།གློག་རྡུལ་ཚོང་དོན།ལས་བཟོ་བ་བེད་སྤྱོད་སོགས་ཀྱི་ནུས་རྩལ་སྦྱོང་བརྡར་གཏིང་ཟབ་ཏུ་སྤེལ་ནས་ཞིང་སྡེའི་ཏང་ཡོན་གྱི་ཕྱུག་འགྱུར་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།
༧༣ ཏང་ཡོན་ལ་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ནང་དོན་གཙོ་བོ་གང་དག་ཡོད།
ལན།(༡)ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན། (༢) ཏང་གི་སྒྲིག་ཡིག་དང་ཏང་གཤིས།ཏང་སྲོལ། ཏང་གི་སྒྲིག་ཁྲིམས། (༣)ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས།གནས་བབས་འགན་འཁྲི།(༤)འགན་སྒྲུབ་ནུས་པའི་སློབ་གསོ་གསོ་སྦྱོང་།
༧༤ ཅི་ཞིག་ནི་འགྲོ་སྐྱོད་ཏང་ཡོན་ཡིན།
ལན།ལས་ཞུགས་བྱས་པའམ་སྡོད་གནས་འགྱུར་ལྡོག་སོགས་ཀྱི་རྐྱེན་གྱིས་དུས་ཡུན་རིང་བོའི་ནང་རྒྱུན་ལྡན་ལྟར་རྩ་འཛུགས་དངོས་ཀྱི་འབྲེལ་བ་ཡོད་སའི་ཏང་རྩ་འཛུགས་ཀྱི་བྱ་འགུལ་ནང་ཞུགས་ཐབས་བྲལ་བའི་ཏང་ཡོན་ཡིན་ཞིང་།ཞིང་སྡེ་ནས་སྡོད་གནས་དང་བྲལ་ནས་ཟླ༣ཡན་དུ་རྩ་འཛུགས་དངོས་ཀྱི་འབྲེལ་བ་བརྗེ་སྤོ་མ་ཐུབ་པའི་ཏང་ཡོན།དུས་ཡུན་རིང་བོར་ཕྱི་རོལ་དུ་སྡོད་ཅིང་རྩ་འཛུགས་དངོས་ཀྱི་འབྲེལ་བ་བརྗེ་སྤོ་མི་ཐུབ་པའི་ཏང་ཡོན།དེའི་ཁོངས་སུ་ཕྱི་རོལ་བསྐྱོད་པའི་ལས་བཟོ་བ་དང་ཚོང་གཉེར་མཁན་བཅས་སྡོད་ཡུན་ཟླ༣ཡན་བརྒལ་བའི་ཏང་ཡོན་བཅས་འདུ།
༧༥ འགྲོ་སྐྱོད་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་དོ་དམ་འགན་འཁུར་ནི་གང་ཡིན།
ལན། (༡) ཐོབ་ཐང་གཏན་འཁེལ། (༢) ཏང་རྩ་འཛུགས་སུ་ནང་འཇུག་བྱེད་པ། (༣) སློབ་གསོ་དོ་དམ་བྱེད་པ། (༤) གཉིས་ཀས་དོ་དམ་བྱེད་པ། (༥) རོགས་སྐྱོར་ཐུགས་ཁུར་བྱེད་པ།
༧༦ སྔར་སྡོད་སའི་ཏང་རྩ་འཛུགས་ཀྱི་དོ་དམ་འགན་འཁུར་ནི་གང་ཡིན།
ལན།(༡)ཕྱི་ལ་མ་སོང་སྔོན་དུ་སློབ་གསོ་བྱེད་པ།(༢)ཕྱི་ལ་སོང་རྗེས་འབྲེལ་བ་བྱེད་པ།(༣)ཕྱིར་ཡུལ་ལ་ལོག་རྗེས་དོ་དམ་བྱེད་པ། (༤) གཉིས་ཀས་དོ་དམ་བྱེད་པ། (༥) དངོས་ཡོད་ཀྱི་དཀའ་ཁག་སེལ་རོགས་བྱེད་པ།
༧༧ ཅི་ཞིག་ནི་གོ་གནས་མེད་པའི་ཏང་ཡོན་གྱི་ལས་གནས་གཏན་འཁེལ་གྱི་འོས་འགན་ཡིན།
ལན།ཏང་རྩ་འཛུགས་ཁྲོད་ལས་གནས་མེད་པ་དང་ལུས་པོ་བདེ་ཐང་ཡིན་པ།མཐུན་སྦྱོར་གྱི་ནུས་པ་དང་དོན་གྲོས་བྱེད་པའི་ནུས་པ་ཡོད་པའི་ཏང་ཡོན་ལ་རང་སོའི་ཁྱད་ཆོས་དང་འཇོན་ནུས་ལྟར་ཞབས་ཞུའི་ལས་གནས་འཛུགས་པ་དང་འགན་སྒྲུབ་དོན་འཁྱོལ་བྱེད་པ།གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།
༧༨ ལས་གནས་མེད་པའི་ཏང་ཡོན་གྱི་དོན་དངོས་གཞིར་བཟུང་ནས་ལས་གནས་འཛུགས་པར་ཕྱོགས་གང་དག་ཡོད།
ལན། (༡) གཞུང་ལུགས་སྲིད་ཇུས་དྲིལ་སྒྲོག་གི་ལས་གནས། (༢) ཚན་རྩལ་ཁྱབ་བརྡལ་དཔེ་སྟོན་གྱི་ལས་གནས། (༣) ཏང་དོན་ལྟ་སྐུལ་གྱི་ལས་གནས། (༤) དབུལ་སྐྱོར་གྱི་ལས་གནས། (༥) བརྡ་འཕྲིན་འདྲི་རྩད་ཞབས་ཞུའི་ལས་གནས། (༦) སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་གི་ལས་གནས།(༧)སྤྱི་བའི་སྒྲིག་ཆས་སྲུང་སྐྱོང་གི་ལས་གནས།(༨)སྲིད་ཞུགས་སྲིད་གླེང་གི་ལས་གནས། (༩) དམངས་སེམས་འཚོལ་སྡུད་ཀྱི་ལས་གནས། (༡༠) ཡ་རབས་སྲོལ་བཟང་གི་ལས་གནས།
༧༩ ཏང་ཡོན་བསྡུ་ལེན་བྱེད་པའི་ཡིག་ཆར་ཕྱོགས་གང་དག་འདུ།
ལན།ཏང་ཡོན་བསྡུ་ལེན་བྱེད་པའི་འགྲོ་ལུགས་ལྟར།གྲ་སྒྲིག་ཏང་ཡོན་བསྡུ་ལེན་དུས་རིམ་གྱི་ཡིག་ཆར་ཏང་ཞུགས་རེ་ཞུའི་ཡི་གེ་དང་མི་སྒེར་གྱི་བསམ་བློ་བྱ་བའི་སྙན་ཞུ།རང་གི་ལོ་རྒྱུས་མདོར་བསྡུས།ཏང་ནང་ཞུགས་རེ་ཆེ་བའི་ཧུར་བརྩོན་ཅན་གྱི་སྦྱོང་བརྡར་ཐོབ་དཔང་།《ཏང་ཞུགས་མོས་འདུན་ཡི་གེ》《ཏང་ཡོན་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་བོའི་དངོས་ཟིན་ཡིག་ཚགས》དཔྱད་ཞིབ་ཡིག་རིགས།ཕྱི་རོལ་ནས་བརྟག་དཔྱད་བྱེད་པའི་ཡིག་རིགས།ཆབ་སྲིད་ལྟ་ཞིབ་ཡིག་རིགས།གྲ་སྒྲིག་ཏང་ཡོན་བསྡུ་ལེན་བྱེད་པའི་སྙན་ཞུ།ཞིབ་མཆན་གནང་བའི་ཡིག་ཆ་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་ཡིག་ཆ་བཅས་འདུས་ཤིང་།གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བའི་སྐབས་ཀྱི་ཡིག་ཆར་དངོས་གཞིར་བསྒྱུར་བའི་རེ་ཞུའི་ཡི་གེ་དང་བསམ་བློའི་བྱ་བའི་སྙན་ཞུ། གྲ་སྒྲིག་ཏང་ཡོན་དངོས་གཞིར་བསྒྱུར་བའི་སྙན་ཞུ། ཞིབ་མཆན་ཡིག་ཆ་དང་ཡིག་ཆ་རིགས་གཞན་བཅས་འདུས།
༨༠ཅི་ཞིག་ནི་ཏང་གི་སྒྲིག་ལམ་གྱི་ཆད་གཅོད་ཡིན།
ལན།ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་སྲོལ་ཡིག་གཞན་དང་འགལ་བ།རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བ།ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འགལ་བ།སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་འགལ་བ་བཅས་བྱས་པས་ཏང་དང་རྒྱལ་ཁབ།མི་དམངས་སོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ལ་གཏན་འབེབས་ལྟར་སྒྲིག་ལམ་གྱི་ཐག་གཅོད་དང་ཡང་ན་ཆད་གཅོད་བྱེད་དགོས།
༨༡ ཏང་ཡོན་གྱི་སྒྲིག་ལམ་ཆད་གཅོད་ལ་རིགས་གང་དག་ཡོད།
ལན། ཉེན་བརྡ་དང་ཉེན་བརྡ་ཚབས་ཆེན། ཏང་ནང་གི་གོ་གནས་ཕྱིར་འཐེན། ཏང་ནང་བསྐྱུར་ནས་ལྟ་ཞིབ་བྱེད་པ།  ཏང་ནང་ནས་ཕྱིར་འཕུད་པ་བཅས་སོ།།
༨༢ ཚད་ལྡན་མིན་པའི་ཏང་ཡོན་ངོས་འཛིན་བྱེད་པའི་གཞི་འཛིན་ས་གང་ཡིན།
ལན།(༡)ཕུགས་འདུན་དང་དད་སེམས་ཉམས་པ་དང་།མ་ཁེ་སི་རིང་ལུགས་ཀྱི་དད་མོས་མེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡིད་ཆེས་མེད་པ།ནུབ་ཕྱོགས་ཀྱི་རིན་ཐང་ལྟ་བ་དང་སྤྱི་ཚོགས་ལམ་ལུགས་ལ་གོང་ བཀུར་བྱེད་ཅིང་ཆོས་ལུགས་བྱེད་སྒོ་དང་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་རྩ་འཛུགས་དང་དེར་ཞུགས་པར་ དགའ་བ།(༢)ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མིན་པ་དང་།རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད་སྤྱོད་ལམ་བཅས་ཀྱི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་མི་ཐུབ་པ།ཏང་གི་ཆབ་སྲིད་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གཟབ་ནན་གྱིས་བརྩི་སྲུང་མི་བྱེད་ཅིང་།ཆབ་སྲིད་ཀྱི་དཀྲོག་གཏམ་དང་ཏང་དང་རྒྱལ་ཁབ་ཀྱི་སྣང་བརྙན་ལ་གནོད་པའི་གཏམ་བརྗོད་སྤེལ་བ།(༣)དམིགས་ཡུལ་འདུ་ཤེས་ཞན་པ་དང་མང་ཚོགས་ལ་ཞབས་ཞུ་བྱེད་པའི་འདུ་ཤེས་ཞན་པ།ཁེ་ཕན་རིང་ལུགས་ཐལ་ཆེ་བ།དམངས་དང་ཁེ་ཕན་རྩོད་རེས་དང་ཐ་ན་མི་དམངས་ཀྱི་ཁེ་ཕན་ལ་གནོད་པ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་འཕྲད་དུས་བག་འཁུམས་པ། (༤) བྱ་བ་བསྒྲུབ་སྟངས་སྒྱིད་ལུག་ཅན་དང་ཡར་ཐོན་མེད་པ། འགན་མི་འཁུར་བ། འགན་འཁུར་མི་ཕོད་པ། ཐོན་སྐྱེད་དང་ལས་དོན།སློབ་སྦྱོང་དང་སྤྱི་ཚོགས་འཚོ་བའི་ཁྲོད་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་མི་ ཐུབ་པ་སོགས།མང་ཚོགས་ཕལ་བ་ལས་ཀྱང་རྗེས་སུ་ལུས་པ།(༥)རྩ་འཛུགས་ཀྱི་སྒྲིག་ལམ་རྣམ་གཡེང་ཅན་དང་གཏན་འབེབས་ལྟར་ཏང་གི་རྩ་འཛུགས་འཚོ་བར་མི་ཞུགས་པ།ཏང་དངུལ་དུས་ལྟར་མི་སྤྲོད་པ།ཏང་རྩ་འཛུགས་ཀྱི་ལས་བགོས་འགན་ཁུར་ལེགས་འགྲུབ་མི་བྱེད་པ།ཏང་གི་རྩ་འཛུགས་རྩ་དོན་ལྟར་ལས་དོན་མི་བསྒྲུབ་པ་དང་ཐ་ན་རྩ་འཛུགས་མ་ཡིན་པའི་བྱེད་སྒོར་ཞུགས་པ། (༦) ཀུན་སྤྱོད་སྤྱོད་ལམ་དྲང་གཞག་མ་ཡིན་པ་དང་སྤྱི་ཚོགས་ཀུན་སྤྱོད་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་བཅས་དང་འགལ་ནས། འདོད་ཡོན་ལ་ཆགས་ཤིང་རྒྱས་སྤྲོས་ཆུད་ཟོས་གཏོང་བ། མ་རབས་ཞེན་ཆགས་བྱེད་པ། རྒྱན་ལྐུགས་དང་དུག་འཐེན་དང་། འཚོ་བའི་སྤྱོད་ཚུལ་སྣང་འཇོག་མི་བྱེད་པ། (༧) ཏང་ཀྲི་པུའུ་ཡིས་ངོས་ལེན་ནམ་ཏང་ཡོན་མང་ཚོགས་ཀྱི་དཔྱད་མོལ་ནང་དུ་ཏང་ཡོན་ཆ་རྐྱེན་དང་མི་འཚམ་པའི་སྣང་ཚུལ་གནས་པ། 
༨༣ ཅི་ཞིག་ནི་ཏང་ཡོན་གྱི་ཁེ་དབང་ཡིན།
ལན།ཏང་གི་སྒྲིག་ཡིག་ཏུ་གཏན་འབེབས་བྱས་པའི་ཏང་ནང་གི་ལས་དོན་དང་།བྱེད་སྒོ་གང་རུང་ལ་ཞུགས་པ་དང་བྱ་ སྤྱོད་སྤེལ་དབང་དང་། དེ་བསྟུན་གྱི་ཁེ་དབང་ལོངས་སུ་སྤྱོད་པ་དེ་ཡིན།


༨༤ ཏང་ནང་ཁུལ་ནས་སྐུལ་མ་གཏོང་བ་དང་ཐུགས་ཁུར་བྱེད་པའི་དམིགས་འབེན་བླང་བྱ་གང་ཡིན།
ལན།བསམ་བློ་དང་ཆབ་སྲིད།བྱ་བ།འཚོ་བ་བཅས་ཀྱི་སྟེང་ནས་ཞིང་སྡེའི་ཏང་ཡོན་དཔུང་སྡེ་ལ་སྐུལ་མ་དང་ཐུགས་ཁུར་རོགས་སྐྱོར་བྱེད་པ་དང་།ལྷག་པར་དུ་ཞིང་སྡེའི་ཏང་ཡོན་རྒན་པ་དང་དཀའ་ཁག་ཅན་གྱི་ཏང་ཡོན། ལས་བྱེད་པ་རྒན་པ། མིག་དཔེ་ཅན་རྒན་པ་བཅས་ལ་ཐུགས་ཁུར་དོ་སྣང་བྱེད་པ་བརྒྱུད།ཏང་ཡོན་སྣེ་ཁྲིད་ནས་རྩ་འཛུགས་ལ་ཡིད་ཆེས་བྱེད་པ་དང་རྩ་འཛུགས་ལ་བརྟེན་པ།རྩ་འཛུགས་སྟོབས་ལྡན་ཅན་འཛུགས་སྐྲུན་བྱེད་པར་ཕན་པ་དང་སོགས་རྒྱ་ཆེའི་ཏང་ཡོན་གྱི་གཟི་བརྗིད་འདུ་ཤེས་དང་ཏང་ལ་གཏོགས་སེམས་འཛུགས་པར་ཕན་པ་ཡོད།
༨༥ ཏང་ནང་གི་སྐུལ་མ་ལ་ཕྱོགས་གང་དག་ཡོད།
ལན། འགན་འཁྲིའི་སྐུལ་མ་དང་། རྒྱུན་ལྡན་གྱི་སྐུལ་མ། གཟེངས་བསྟོད་ཀྱི་སྐུལ་མ་བཅས་སོ།།
༨༦ ཏང་ནང་གི་ཐུགས་ཁུར་ལ་ཕྱོགས་གང་དག་ཡོད།
ལན། ཆབ་སྲིད་ཀྱི་ཐུགས་ཁུར། བསམ་བློའི་ཐུགས་ཁུར། འཚོ་བའི་ཐུགས་ཁུར། རྨང་གཞིའི་འགན་སྲུང་གི་ཚད་གཞི།
༨༧ སྡེ་བའི་ལས་བྱེད་པའི་གླ་ཆའི་ཐོབ་ཐང་ཐད་ཞིང་ཆེན་རིམ་པའི་ཁག་ཐེག་གི་ཚད་གཞི་ནི་ཅི་འདྲ་ཞིག་ཡིན།
ལན། སྡེ་བའི་ལས་བྱེད་པ་མི་རེར་ལོ་རེར་སྒོར་ཁྲི༡.༨དང་། སྡེ་ཆུང་གི་ལས་བྱེད་པ་མི་རེར་ལོ་རེར་སྒོར༥༤༠༠། སྡེ་དོན་ལྟ་རྟོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མི་རེར་ལོ་རེར་སྒོར༤༠༠༠བཅས་ཡིན།
༨༨ སྡེ་རིམ་པ་རྩ་འཛུགས་ཀྱི་གཞུང་ལས་ཁང་གི་གྲོན་དངུལ་རོགས་སྐྱོར་གྱི་ཚད་གཞི་ནི་ཅི་འདྲ་ཞིག་ཡིན།
ལན།སྡེ་བའི་རིམ་པའི་རྩ་འཛུགས་སོ་སོར་གཞུང་དོན་གྲོན་དངུལ་ལོ་རེར་སྒོར་ཁྲི༣.༡ལས་མི་དམའ་ཞིང་།དེའི་ཁྲོད་ཞིང་ཆེན་རིམ་པའི་རོགས་སྐྱོར་སྒོར་ཁྲི༢.༡ཡིན་ལ། ལོ་རེར་ཆ་ཚང་སྒྲིག་པའི་རོགས་སྐྱོར་སྒོར་ཁྲི༡ལས་མི་དམའ་བ་མངོན་འགྱུར་བྱེད་དགོས།
༨༩ སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གཞུང་ལས་ཁང་གི་གྲོན་དངུལ་གཏོང་སྒོའི་ཁྱབ་ཁོངས་ནི་གང་དག་ཡིན།
ལན།གཞུང་དོན་གཏོང་སྒོ། ཚོགས་འདུའི་གཏོང་སྒོ། སློབ་གསོ་སྦྱོང་བརྡར་གྱི་གཏོང་སྒོ། ཉམས་གསོ་སྲུང་སྐྱོང་གི་གཏོང་སྒོ།
༩༠ ཅི་ཞིག་ནི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན།
ལན།བདག་དབང་སྡེ་བ་ཐུན་མོང་ལ་དབང་བའམ་རྒྱལ་དབང་ཡིན་ཞིང་།སྡེ་བ་རིམ་པའི་རིགས་སོ་སོའི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་དང་བྱ་བ་བསྒྲུབ་པར་སྤྱོད་པ་དང་། སྡེ་དམངས་ལ་རིག་གནས་དང་སློབ་གསོ། རྩེད་འཇོ་སོགས་སྤྱི་ཕན་ཞབས་ཞུ་ཐད་འདོན་སྤྲོད་བྱེད་པའི་ཡུལ་གནས་སྟེ།དེར་ས་ཞིང་དང་ཁང་བ།མཐུན་སྦྱོར་སྒྲིག་ ཆས་སོགས་འདུས་ཤིང་།གཙོ་བོ་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གཞུང་སྒྲུབ་ཞབས་ཞུར་སྤྱོད་པའི་ཁང་བ་ཡིན་ལ། སྡེ་བ་རིམ་པའི་རྩ་འཛུགས་གང་ཡིན་རུང་བྱེད་སྒོ་སྤེལ་ཡུལ་གྱི་རྒྱ་ཁྱོན་ཆེས་ཉུང་ན་སྨི་ གྲུ་བཞི་༡༢༠ལ་སླེབས་དགོས།
༩༡ སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པར་ཕྱོགས་གང་དག་འདུ།
ལན། མ་རྩ་གང་འགབ་ཅི་སྤྱོད་ཅན། ཐོན་ཁུངས་གསར་སྤེལ་ཅན། དམངས་དོན་ལ་ཞབས་ཞུ་ཅན། ལས་གཞི་སྐུལ་ཁྲིད་ཅན། སྣ་མང་མཉམ་འབྲེལ་ཅན།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群