今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཁུལ་ཨུས་རྒྱུན་ཨུ་ཁང་གིས་གྲོས་ཚོཊ་བསྡུས་ནས་བྱ་བཀོད་སྒྲིག་བྱས་པ།

        ཉེ་ཆར། ཁུལ་ཨུས་རྒྱུན་ཨུའི (རྒྱ་སྐྱེད)གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་དང་། ཟླ 4བའི་ཚེས 19ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཏུ 2018ལོའི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་དཔྱད་ཞིབ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་བྱ་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས། ཁོངས་ཡོངས་གད་སྙིགས་མེད་པ་སྒྲིག་བཅོས། “གསང་སྤྱོད་གསར་བརྗེ”སོགས་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། དབུལ་ཐར་མཁྲེགས་གཏོར་དང་ཁོར་ཡུག་བཅོས་སྒྲིག ཉེན་ཁ་སྔོན་འགོག་སོགས་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།
        ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཚོགས་འདུའི་གཙོ་འགན་ཁུར། ཁུལ་གྱི་འགོ་ཁྲིད་པ་ཀྲའོ་ལིན་ཡུན་དང་། ཞི་ཆང་། བཀྲ་ཤིས་འཚོ། ཧོ་མོའུ་པའོ། དབྱང་ཞུང་། ཧའོ་ཅུའེ་རྨིན། ཡོན་ཞིན་ཧོ། ཧོའུ་ཞའོ་ཧྥུན། དབྱང་ཅུན། ལིའུ་ཧྥུན་། ཧྲི་ཡོན་ཧྥུན། ཧྲི་ཀྲན་ལིའང་། ཝང་ཧྲང་ཞུའེ་བཅས་ཚོགས་འདུར་ཞུགས།
ཚོགས་འདུས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་ནི་ང་ཚོའི་ཐུན་མོང་མ་ཡིན་པའི་གསར་གཏོད་ཀྱི་བྱ་ཐབས་ཤིག་ཡིན་པ་དང་།ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཐོབ་དཀའ་བའི་བྱ་བའི་རྣམ་པ་གཅེས་སྤྲས་བྱས་ཏེ།བཅོས་སྐྱོང་གོང་འཕེལ་དང་མི་སྡོད་ཁོར་ཡུགསྐྱེ་ཁམས་སླར་གསོ།གྲོང་གསེབ་དར་རྒྱས་ཐད་འབད་པ་ཧུར་ཐག་བྱ་དགོས།འཐབ་ཇུས་དང་ལོ་རྒྱུས།རྩོད་སྒྲུབ།གསར་གཏོད་དང་ཁྲིམས་སྐྱོང།ཆེས་དམའ་བའི་ཚད་ཐིག་གི་བསམ་གཞིགས་སྲ་བརྟན་བསྐྲུན་ཏེ།རང་འགུལ་ངང་ཆབ་སྲིད་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་དགོས།སྤྱི་ཚོགས་གཏན་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་དགོས།དཔལ་འབྱོར་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་དག་ནུས་ལྡན་སྒོས་འགོག་སེལ་བྱ་དགོས།ཏང་འཛུགས་ཁྱབ་ཁོངས་ཀྱི་ཉེན་ཁ་ ཆེན་པོ་སྔོན་འགོག་དང་གཙང་སེལ་བྱས་ནས་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁ་ལེན་དགོས་ཞེས་ནན་གྱིས་བསྟན།
        ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།དེ་མིན་རྫོང་དང་གྲོང་ཁྱེར་ཏང་ཨུ།ཁུལ་ཨུའི་འབྲེལ་ཡོད་སྡེ་ཁག་དང་ཁུལ་ཐད་ གཏོགས་ཀྱི་འབྲེལ་ཡོད་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群