今天是:

རང་ངོས་ཏང་འཛུགས།

རང་ངོས་ཏང་འཛུགས།

མདུན་ཤོག > རང་ངོས་ཏང་འཛུགས། > རང་ངོས་ཏང་འཛུགས།

ཞི་ཅིན་ཕིང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གསུང་བཤད་གལ་ཆེན་གནང་བ།

     ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་།  ཁྲིམས་སྐྱོང་འཛུགས་སྐྱོང་གི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་སྟེ་སྒྱུར་བཅོས་དང་གོང་འཕེལ།  བརྟན་ལྷིང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་བསྐྲུན་དགོས་པའི་ནན་བཤད་གནང་བ་དང་།  ལི་ཁེ་ཆང་དང་།  ལི་ཀྲེན་ཧྲུའུ།  ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་གནང་བ།

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་སྤྱི་ཟླ་༢པའི་ཚེས་༢༥ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་ཉམས་མྱོང་ལས་སྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དེ་ཁྲིམས་སྐྱོང་དང་ཁ་བྲལ་ཐབས་མེད་པ་དང་། སྒྱུར་བཅོས་སྒོ་དབྱེ་ག་ཚོད་ཀྱིས་གཏིང་ཟབ་ཏུ་ཕྱིན་ན་དེ་ཙམ་གྱིས་ཁྲིམས་སྐྱོང་ནན་བཏོན་བྱེད་དགོས་པ་ང་ཚོར་གསལ་བཤད་བྱས་ཡོད།  ཁྲིམས་སྐྱོང་འཛུགས་སྐྱོང་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། སྒྱུར་བཅོས་གོང་འཕེལ་ལ་འགན་སྲུང་དང་ཞབས་འདེགས་ཞུ་བ། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་པ། ཕྱི་ཕྱོགས་འབྲེལ་བའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས་ཞེས་ནན་བཤད་གནང་ཡོད།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ལི་ཀྲེན་ཧྲུའུ། ཝང་ཧུའུ་ཉིང་བཅས་གྲོས་ཚོགས་ལ་ཞུགས་གནང་ཡོད།
      གྲོས་ཚོགས་ཐོག་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་༢༠༡༨ལོའི་ལས་དོན་གྱི་ཕྱོགས་སྡོམ་སྙན་ཞུ་དང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་༢༠༡༩ལོའི་ལས་དོན་གྱི་གཙོ་གནད། སྤྱི་ལོ་༢༠༡༩ལོའི་ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་འཆར་འགོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་༢༠༡༩ལོའི་ཁྲིམས་འཛུགས་ལས་དོན་འཆར་གཞི།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ལོ་༢༠༡༩ལོའི་ཁྲིམས་འཛུགས་ལས་དོན་འཆར་གཞི། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གཏོད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར། ཧའེ་ནན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཧའེ་ནན་གྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བསམ་འཆར། སྲིད་འཛིན་བཀོད་ཇུས་གོ་རིམ་གལ་ཆེན་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་འཆར་ཟིན་སོགས་ཡིག་ཆའི་མ་ཟིན་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་ཡོད།
      གྲོས་ཚོགས་ཐོག་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་དབུ་བརྙེན་ཚུན།  ཏང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་དང་།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ།  ས་ཁུལ་དང་སྡེ་ཁག་ཁག་དང་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ཚོགས་ཆུང་དང་ཁོངས་གཏོགས་ཚན་པ་ཁག་གིས་འགན་འཁྲི་ལག་བསྟར་བྱས་པ་དང་།  ནུས་པ་ཧུར་ཐག་བཏོན་པ།  ཨུ་ཡོན་ལྷན་ཁང་གི་བཀོད་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།  ཨུ་ཡོན་ལྷན་ཁང་གིས་གཏན་ལ་འཁེལ་བའི་ལོ་འཁོར་མོའི་ལས་དོན་དང་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་ཐུབ་པ་དང་།  རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་བཟང་པོ་ཐོན་པ།  སྤུས་ཚད་མཐོ་བའི་གོང་འཕེལ་དང་།  དམངས་ཀྱི་འཚོ་བ་ལེགས་བཅོས་དང་འགན་སྲུང་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་གལ་ཆེན་ཁག་གཅིག་མཇུག་གཉིས་མཐུད་ངང་བཏོན་པ།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།  ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་བརྟན་པོ་བྱས་པ།  ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ།  ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་རྒྱུར་གོམ་སྟབས་བརྟན་པོ་སྤོས་ཡོད་ཅེས་བསྟན་ཡོད།
      གྲོས་ཚོགས་ཐོག་ཁྲིམས་སྐྱོང་འཛུགས་སྐྱོང་འཆར་འགོད་དེ་ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་ལས་དོན་གྱི་གནས་བབ་ཧྲིལ་པོ་དང་འབྲེལ་བ་ཡོད།  ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཆེད་དོན་ཞིབ་འཇུག་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་སྤྱི་ལོ་༢༠༣༥ལོར་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་རྩ་བའི་ཆ་ནས་བསྐྲུན་ཚར་བ་བྱེད་པའི་བརྗིད་ཆེའི་འཆར་འགོད་བཏིང་ཡོད།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་གཞུང་ལག་བསྟར་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར། རང་རྒྱལ་གྱི་གོང་འཕེལ་འཐབ་ཇུས་དམིགས་འབེན་དང་ཕན་ཚུན་འཚམས་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་དང་། སྒྱུར་བཅོས་ཁྱོན་ཡོངས་གཏིང་ཟབ་ཏུ་གཏོང་བ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་བ་བཅས་དང་མཐུན་པ་བྱེད་པ།  ཁྲིམས་ལྟར་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྱོང་རྒྱུ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ལམ་ལུགས་ཇུས་འགོད་སྤྱོད་གོ་ཆོད་པ་དང་ནུས་པ་དངོས་ཐོན་པར་འགན་ལེན་བྱེད་པ། ཁྲིམས་སྐྱོང་གི་རྩ་བ་བརྟན་པ་དང་སྔོན་དཔག་བརྟན་པ། རྒྱང་རིང་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་དང་། 
      གྲོས་ཚོགས་ཐོག་གོང་འཕེལ་གྱི་སྤུས་ཚད་མཐོ་པོ་དགོས་པས་ཁྲིམས་འཛུགས་ཀྱང་སྤུས་ཚད་མཐོ་པོ་ཡོང་བ་བྱེད་དགོས།  གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ།  རྩ་ཁྲིམས་ཀྱིས་སྲོག་ཤིང་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ།  ཅུང་འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་འགྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
      གྲོས་ཚོགས་ཐོག  ཁྲིམས་འཛུགས་སྤུས་ཚད་མཐོ་པོས་གོང་འཕེལ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་འགན་སྲུང་དང་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པའི་དགོས་མཁོ་དང་འཚམ་པ་བྱ་དགོས་པ་དང་།  ཕྱི་དངུལ་ལ་དམིགས་ནས་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་ཤིག་གཅིག་གྱུར་ཐོག་བཟོ་དགོས་པ།  སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་མཁན་ས་ཁུལ་ལ་འབྲེལ་ཡོད་ཁྲིམས་འཛུགས་དབང་ཆ་སྤྲོད་པའི་ལས་ཀ་སྔ་ཙམ་ནས་བཀོད་སྒྲིག་བྱེད་པ།   ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོང་དང་།  སྐྱེ་དངོས་བདེ་འཇགས། ས་ཆའི་ལམ་ལུགས་སྒྱུར་བཅོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཐད་ཀྱི་ཁྲིམས་འཛུགས་རྣམ་གྲངས་ལ་གཅིག་གྱུར་སྒོ་ནས་བསམ་བློ་གཏོང་བ་དང་།  འཛུགས་པ།  བཟོ་བཅོས་རྒྱག་པ།  མེད་པ་བཟོ་བ།  འགྲེལ་བཤད་རྒྱག་པ་བཅས་ཀྱི་བྱ་ཐབས་མཉམ་དུ་བཟུང་དགོས་ཞེས་ནན་བཤད་གནང་བ་དང་།
      གྲོས་ཚོགས་ཐོག ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་ནི་ལས་འགན་གཙོ་བོ་ཡིན། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་ལྡན་དགོས།  ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དཔེ་སྟོན་གཏོད་པའི་བྱེད་སྒོར་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བརྒྱུད།  ཕྱི་ཚུལ་རིང་ལུགས་གཏན་འགོག་དང་ཕན་འབྲས་དངོས་ཐོན་པར་བརྩོན་ལེན་བྱ་དགོས་ཞེས་བསྟན་ཡོད།
      གྲོས་ཚོགས་ཐོག སྲིད་འཛིན་ཐབས་ཇུས་གལ་ཆེན་ཐག་གཅོད་བྱེད་པའི་གོ་རིམ་ཚད་ལྡན་དུ་གཏོང་བ་ནི། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ཁ་ཚ་དགོས་གཏུག་ཅིག་ཡིན། ཏང་གི་འགོ་ཁྲིད་དེ་ཉིད་ཐབས་ཇུས་གལ་ཆེན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པ་བྱ་དགོས་པ་དང་། ཇུས་གཞི་ཐག་གཅོད་བྱེད་པའི་ཁྲིམས་བཀོད་ཀྱི་གོ་རིམ་ལག་བསྟར་བྱེད་པ།  མང་ཚོགས་ཐེ་ཞུགས་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ། རིགས་གཅིག་མཁས་པས་རིག་པས་ཁུངས་སྐྱེལ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ།  ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་རྒྱུན་འཁྱོངས་བྱེད་པ།  ཇུས་གཞི་ཐག་གཅོད་པའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ་དང་། དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ལས་དོན་གང་ཐུབ་ཅི་ཐུབ་སྒྲུབ་པ་དང་། འཁོས་དཔགས་ལས་སྒྲུབ་རྒྱུན་འཁྱོངས་བྱེད་པ།   ཚད་ལྡན་གོ་རིམ་དང་།  ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་སྒྲིག་ལ་བརྟེན་ནས་སྤྱི་པའི་ཁེ་ཕན་གལ་ཆེན་ལ་སྲུང་སྐྱོང་དང་། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།  སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།  སྐྱིད་སྣང་།   བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
      གྲོས་ཚོགས་ཐོག ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་དེ་ཡིན། འདྲ་མཉམ་སྲུང་སྐྱོང་གི་རྩ་དོན་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ལྷུ་ཚིགས་ཚང་མའི་ནང་ལག་བསྟར་བྱེད་དགོས་པ་དང་། ཁྲིམས་ལྟར་འདྲ་མཉམ་སྒོ་ནས་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཐོན་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་པ། ཁྲིམས་སྐྱོང་ལ་བརྟེན་ནས་སྲིད་གཞུང་དང་ཁྲོམ་རའི་མཚམས་གཉིས་ཚད་ལྡན་བཟོ་དགོས་པ། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་དགོས་པ། ཁྲོམ་ར་ཅན་གྱི་བྱ་ཐབས་ལ་བརྟེན་ནས་ཁྲིམས་སྐྱོང་གི་སྒྲོམ་གཞིའི་ནང་རིགས་ཁག་གི་ཁྲོམ་རའི་གཙོ་གཟུགས་ཀྱི་ཁེ་ཕན་འབྲེལ་བ་ལེགས་སྒྲིག་བྱེད་དགོས་པ། ལས་ཀའི་གཙོ་གནད་དེ་ལམ་ལུགས་ཀྱི་ཁོར་ཡུག་འཐུས་ཚང་བཟོ་རྒྱུའི་ཐོག་འཇོག་དགོས་པ། ཁྲིམས་སྲོལ་ལམ་ལུགས་དང་། ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཟས་རིགས་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་གནད་དོན་ཆེན་པོ་ཐག་གཅོད་བྱེད་སྐབས་གཞི་བཅོས་རྩ་བཅོས་ཀྱི་ཐབས་ཤེས་འདོན་དགོས་པ་དང་། ཁྲིམས་འགལ་བར་བཅའ་ཁྲིམས་ནན་པོ་བཟུང་དགོས་པ།  ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། རང་རྒྱལ་གྱི་བཅའ་ཁྲིམས་ཁྱབ་ཁོངས་ཕྱིར་བེད་སྤྱོད་བྱེད་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཆེད་ལས་མི་སྣ་གསོ་སྦྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཞབས་ཞུ་གོང་འཕེལ་ཧུར་ཐག་གཏོང་བ། ཁེ་ལས་ཀྱི་སྒྲིག་མཐུན་འདུ་ཤེས་ཤུགས་ཆེར་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་འགན་སྲུང་དང་དེར་ཞབས་འདེགས་ཞུ་དགོས་པའི་ནན་བཤད་བྱས་ཡོད་པ་དང་།
      གྲོས་ཚོགས་ཐོག ས་ཁུལ་ཁག་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལས་ཀའི་འགན་འཁྲི་ཚགས་དམ་པོ་བཟོ་བ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཁྱོན་ཡོངས་ནས་ཁྲིམས་ལྟར་སྐྱོང་རྒྱུའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་མཐུན་སྦྱོར་ཚོགས་ཆུང་གིས་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རང་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་ལས་ཁང་གིས་འགན་འཁྲི་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ལས་ཀའི་འགན་འཁྲི་མཐུན་སྦྱོར་དང་། ལྟ་སྐུལ་སྐུལ་འདེད། བརྟག་དཔྱད། སྐུལ་སྤེལ་བཅས་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། སྐུལ་འདེད་བརྟག་དཔྱད་ཀྱིས་ཐབས་ཤེས་ཡང་དག་ཁོང་དུ་ཆུད་པ་དང་། ལས་ཀའི་ཕན་ནུས་མངོན་དགོས་པ་ནན་བཤད་བྱས་ཡོད།
      གྲོས་ཚོགས་ཐོག་ད་དུང་ནང་དོན་གཞན་དག་ཐད་གྲོས་བསྡུར་བྱས་ཡོད།
      ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།
      རྩོམ་ཁུངས།  ཀྲུང་གོ་བོད་སྐད་རྒྱང་སྒྲོག་དྲ་བ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群