今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད་ཁག་བཞི་བ།

    (བརྒྱད་པ།)“ངན་ཕྱོགས་ཀྱི་སྟོབས་ཤུགས”དེའི་ཁྱད་ཆོས་དེ་ཕྱོགས་གང་དག་ནས་བྱེ་བྲག་སྒོས་མངོན་ཡོད་དམ།
     1.སྤྱིར་བཏང་དུ་མི3གྱི་ཡན་ཡོད། (ལྟོས་བཅོས་ཀྱིས་ཅུང་གཏན་ཁེལ་རང་བཞིན་ཡིན།)
     2.ནམ་རྒྱུན་གཞི་གཅིག་ཏུ་འདུས་སྡོད་བྱས་ཡོད།
     3.གཏུམ་སྤྱོད་དང་འཇིགས་སྐུལ། ཡང་ན་བྱེད་ཐབས་མི་འདྲ་བ་བཀོལ་བཞིན་ཡོད།
     4.ངན་ཕྱོགས་ཀྱི་བྱ་སྤྱོད་གང་མང་སྒྲུབ་ནས་མང་ཚོགས་ལ་གཉའ་གནོན་བྱས་ཏེ།སྤྱི་ཚོགས་སྟེང་ངན་ཕྱོགས་ཀྱི་ཤུགས་རྐྱེན་མི་ལེགས་པ་བཟོས་ཡོད།
     5.སྤྱི་ཚོགས་སྟེང་ནག་ཚོགས་ཀྱི་ངོ་བོའི་རྩ་འཛུགས་གྲུབ་མེད་པ།
    (དགུ་པ།“ངན་ཕྱོགས་སྟོབས་ཤུགས་ལས་ནག་ཉེས་སྡེ་ཚོགས”ཀྱི་ཁྱད་ཆོས་དེ་ཕྱོགས་གང་དག་ནས་བྱེ་བྲག་གིས་མངོན་ཡོད་དམ།
     1.མི3ཡན་གྱི་བརྟན་འཇགས་ཀྱི་ཁོངས་མི་དག་གིས་གྲུབ་ཡོད། (ལོག་སྤྱོད་འགོ་བ་གསལ་བོ་ཞིག་ཡོད།)
     2.ནམ་རྒྱུན་གཞི་གཅིག་ཏུ་འདུས་སྡོད་བྱས་ཡོད།
     3.ཐུན་མོང་གིས་བསམ་གཟས་ནས་ངན་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གྱོད་དོན་མི་འདྲ་བ3གྱི་ཡན་བཟོས་པའི་ནག་ཉེས་བྱ་འགུལ་སོགས་ཡིན།
    (བཅུ་པ།)ཅི་ཞིག་ལ་ནག་ཕྱོགས་སྟོབས་ཤུགས་ཀྱི“འགེབས་སྲུང་མཁན”ཟེར་རམ།
     1.རྒྱལ་ཁབ་ཀྱི་གཞུང་ཕྱོགས་གོ་གནས་ཡོད་པའི་མི་སྣ།
     2.རང་གི་དབང་ཆ་སྒེར་སྤྱོད་བྱེད་མཁན།
     3.ནག་ཚོགས་དང་ངན་ཕྱོགས་ཀྱི་ཁྲིམས་འགལ་ནག་ཉེས་ཁྲོད་ཟབ་ཞུགས་བྱེད་པ།ཡང་ན་ཉེས་ཅན་འགེབས་སྲུང་དང་ནག་ཚོགས་ཀྱི་ངན་ཕྱོགས་ནག་ཉེས་ཀུ་ཡངས་ལ་གཏོང་པ།གྱོད་དོན་ཐོ་འགོད་མི་བྱེད་པ།ཐོ་འགོད་གྱོད་དོན་རྩད་ གཅོད་མི་བྱེད་པ།གྱོད་དོན་རྩད་གཅོད་ཐད་ནུས་པ་མི་འདོན་པ་བཅས་ཀྱིས་ནག་ཕྱོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་ཐད་ལ་སྟབས་བདེ་དང་ཆ་རྐྱེན་སྐྲུན་པ།ནག་ཕྱོགས་ཀྱི་སྟོབས་ཤུགས་ལ་རོགས་འདེགས་སྒོས་བྲོས་བྱོལ་བྱེད་པ་དང་ཁྲིམས་ཆད་མི་གཅོད་པ་སོགས་ཡིན།
    (བཅུ་གཅིག་པ།)“འཇམ་རྩུབ་གཏུམ་སྤྱོད”དེའི་བྱེ་བྲག་གི་མཚོན་སྟངས་ནི་ཅི་ཞིག་ཡིན་ནམ།
     1.གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱ་སྤྱོད་མངོན་གསལ་མིན་པ།
     2.ལག་བསྟར་མཁན་གྱིས་གཏུམ་སྤྱོད་འཇིགས་སྐུལ་བྱེད་པའི་དགོས་གལ་རང་བཞིན་ཡོད་པ།
     3.ཐུག་འཕྲད་བྱེད་ཡུལ་ལ་འཇིགས་སྣང་དང་འཚུབ་ཆ་སྐྱེས་སུ་འཇུག་པ།
     4.མི་གཞན་གྱི་རྒྱུན་ལྡན་ཐོན་སྐྱེད་དང་བྱ་བ། འཚོ་བ་སོགས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་པ།
     5.“གྲོས་སྡུར”དང་བར་ཆད། རྙོག་དྲ་བཟོ་པ།སྐད་ཅོར་རྒྱག་པ།སྟོབས་ཤུགས་བསྡུ་རུབ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ།
    (བཅུ་གཉིས་པ།)“ནག་འཇོམས”དང“ནག་རྡུང”གཉིས་ཀར་ཁྱད་པར་ཅི་ཞིག་ཡོད་དམ།
རྡུང་ཞེས་པའི་རྡུང་ནི་གནད་ཤིག་ཡིན་ལ།འཇོམས་ཞེས་པའི་འཇོམས་ནི་ཆེན་པོ་ཞིག་ལ་གོ་བ་རེད།ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པ།སྟོབས་ཤུགས་བཅས་ཀྱི་ཐད་ལ་རེ་འདུན་ཆེན་པོ་ཡོད།“ནག་རྡུང”མང་ཤོས་ནི་སྤྱི་ཚོགས་བདེ་སྲུང་གི་ངོས་ཐད་ནས་བཤད་པ་ཡིན་ལ།“ནག་འཇོམས”ནི་ཏང་གི་རྡུང་འཇགས་སྲིད་འཛིན་རྨང་གཞི་ཡིན་ལ།སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་སྟེ་གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ།རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་བདེ་འཇགས་ལ་འགེབས་སྲུང་བྱེད་པ།སྔར་ལས་ཆེ་བའི་ཁྱབ་ཁོངས་ཁྲོད་སྔར་ལས་ཡོངས་ཁྱབ་དང་སྔར་ལས་གཏིང་ཟབ་སྒོས་ནག་འཇོམས་ངན་སེལ་སྟོབས་ཤུགས་སྤེལ་ཡོད།དེའི་མི་ཚད་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་བཅོས་སྐྱོང་ལ་མཐོང་ཆེན་དང་འགོ་ཁུངས་བཅོས་སྐྱོང་།བདག་དོམ་མཉམ་འབྲེལ་བཅས་བྱས་ཡོད།གང་ལྟར་ཡིག་འབྲུ་གཅིག་གི་ཁྱད་པར་ལས་མེད་མོད།འོན་ཀྱང་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རྣམས་ཀྱི་བདེ་འཇགས་སྤྲོ་སྐྱིད་ལ་ཁག་ཐེག་དང་སྤྱི་ཚོགས་ཀྱི་བདེ་སྲུང་ལ་གོ་རིམ་ལྡན་པར་ཁག་ཐེགརྒྱལ་ཁབ་དུས་ཡུན་རིང་བོར་གཏན་དར་འོངས་བར་ཁག་ཐེག་བཅས་བྱེད་པའི་ཆོད་སེམས་བརྟན་པོ་དེ་ཚུར་སྣང་བྱས་ཡོད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

重庆时时彩计划群